གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
2025.06.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་གོ་རིམ་ཁྲོད། ཁྲུང་ཆིན་ཡུས་ཀྲུང་དང་ཀན་སུའུ་ཕིན་ལིང་གིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དཀའ་བ་གདོང་གིས་བསུས་ནས་གནད་དོན་ཐག་གཅོད་བྱས།

ཁྲུང་ཆིན་ཡུས་ཀྲུང་ས་ཁུལ་དུ་ཁེ་ལས་དང་ཁང་བརྩེགས་ཀྱི་འདུ་འགོད་ཆེ་ལ། སྔོན་ཆད་བཙུགས་པའི་ཁེ་ལས་ཀྱི་ཞབས་ཞུའི་སྟེགས་བུ་དང་། ཁེ་ལས་ཀྱི་དགོས་མཁོ་སྐོར་ཞིག་དུས་ཐོག་ཏུ་ཐག་གཅོད་བྱེད་དཀའ་བ། ཁེ་ལས་ཀྱི་ལས་སྒྲུབ་དལ་བ་དང་ཕྱོགས་མང་པོར་རྒྱུག་པ་སོགས་ཀྱི་གནད་དོན་ལ་གཞིགས་ནས། ཡུས་ཀྲུང་ས་ཁུལ་གྱིས་གཅིག་འཐུས་ཞབས་འདེགས་ཀྱི་བྱེད་ཐབས་འཚོལ་ཞིབ་དང་ཁྱབ་གདལ་དུ་བཏང་སྟེ། ཁེ་ལས་ལ་རོགས་རམ་དང་ཚབ་སྒྲུབ་ཞབས་ཞུ་འདོན་སྤྲོད་བྱས།

ཁེ་ལིན་ཁེ་ལས་དོ་དམ་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཙུང་ཚའེ་ཡི་ལས་རོགས་པ་ཀུའོ་ཀྲན་གྱིས་བཤད་རྒྱུར། ང་ཚོའི་དུས་ཚོད་དང་སེམས་ཤུགས་མང་པོ་གྲོན་ཆུང་བྱས་སོང་། ཞབས་ཞུ་འདིས་ང་ཚོའི་འཚོ་བ་ཧ་ཅང་འཐུས་ཚང་དུ་བཏང་ཡོད། ད་ལྟ་ཁེ་ལས་ཀྱིས་བྱ་བ་སྒྲུབ་ན་དངོས་གནས་སྟབས་བདེ་རེད་ཟེར།

ད་ལྟ། ཁྲུང་ཆིན་ཡུས་ཀྲུང་ས་ཁུལ་གྱིས་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཁྲོད། ཁེ་ལས་ཀྱི་དཀའ་གནད244གཙོ་གནད་དུ་བཟུང་ནས་གསེད་བཀྲོལ་བྱས་ཤིང་། སྲིད་ཇུས་ཀྱི་རོགས་སྐྱོར་དང་མ་དངུལ་མཉམ་བསྲེས་ཀྱི་དགོས་མཁོ། ལས་མི་བཀོལ་སྤྱོད་སྦྲེལ་མཐུད་བྱེད་པ་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་ལ། ད་ལྟ་གནད་དོན210ལྷག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

ཁྲུང་ཆིང་གྲོང་ཁྱེར་ཡུས་ཀྲུང་ས་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ། ཝང་ཅིན་གྱིས་བཤད་རྒྱུར། སློབ་སྦྱོང་ནན་མོ་དང་གོ་བ་ཟབ་ལེན། ལག་ལེན་དངོས་སྒྲུབ་བྱེད་པ་འབུར་དུ་བཏོད་ནས། གནད་དོན་རིགས་དབྱེ་དོ་དམ་དང་རིམ་དབྱེ་སྣེ་ལེན། ཐོ་འགོད་རྩིས་གསུབ་བཅས་ཀྱི་ལམ་སྲོལ་བཙུགས་ནས། སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕན་ནུས་མཐོ་བའི་བཅོས་སྐྱོང་། སྤུས་ལེགས་འཚོ་བ་བཅས་ཀྱི་ཕན་འབྲས་སུ་བསྒྱུར་དགོས།

ཀན་སུའུ་ཕིན་ལེང་གིས་སྲིད་དོན་སྒྲུབ་པའི་གོ་རིམ་རྙོག་འཛིང་ཆེ་བ་དང་རྒྱུ་ཆ་རྙོག་འཛིང་ཆེ་བ་སོགས་ཀྱིས་མང་ཚོགས་ཕར་འགྲོ་ཚུར་འོང་བྱེད་དགོས་པའི་གནད་དོན་ལ་དམིགས་ཏེ། སྡེ་ཁག་མང་པོ་མཉམ་འགུལ་གྱིས་འགག་གནད་ཤར་གཏོང་ཐུབ་པར་བྱེད་དགོས་ལ། དྲ་གཅིག་ཀུན་སྒྲུབ་དང་སྒེའུ་ཁུང་གཅིག་བདག་སྤྲོད་བྱས་ནས། ཁེ་ལས་དང་མང་ཚོགས་ཀྱིས་བྱ་བ་སྒྲུབ་པའི་ཕན་འབྲས་ཇེ་མཐོ་དང་ཁུར་པོ་ཇེ་ཡང་དུ་བཏང་ཡོད།

ཀན་སུའུ་ཕིན་ལེང་གྲོང་ཁྱེར་གྱི་གྲོང་མི་ཁྲོའུ་ཡའེ་ཧོས་ཡིས་བཤད་རྒྱུར། སྔོན་ཆད་གཏན་འཇགས་རྒྱུ་ནོར་གྱི་བདག་དབང་བརྗེ་བའི་བྱ་བ་བསྒྲུབ་སྐབས་སྡེ་ཁག་གསུམ་གྱི་སྒེའུ་ཁུང་བརྒྱུད་དགོས། ད་ལྟ། སྒེའུ་ཁུང་གཅིག་ནས་དུས་ཚོད་གཅིག་གི་རིང་ལ་ཕལ་ཆེར་སྒྲུབ་ཚར་བས་ཧ་ཅང་སྟབས་བདེ་རེད། ལས་སྒྲུབ་མི་སྣའི་ཞབས་ཞུའི་རྣམ་འགྱུར་དང་ཞབས་ཞུའི་ལས་ཕྱོད་ཆེ་རུ་ཕྱིན་ཡོད་པ་ཚོར་བྱུང་ཟེར།

སློབ་སྦྱོང་སློབ་གསོའི་ཁྲོད། ཕིན་ལེང་གིས་གཅིག་སྡུས་བཅོས་སྐྱོང་གི་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་བཏོན་པ་དང་། གནད་དོན་རིགས28ལ་དམིགས་ནས་ཞིབ་ཕྲའི་བྱེད་ཐབས70ཞིབ་འཇུག་དང་གཏན་འབེབས་བྱས། ད་ལྟའི་བར་དུ་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི600ལྷག་བསྡུ་ལེན་བྱས་ཤིང་། དམངས་ཀྱི་དོན་དུ་དངོས་ཡོད་ཀྱི་བྱ་བ684བསྒྲུབས་ཏེ། དག་ཐེར་ལེགས་བཅོས་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་བྱས།

ཀན་སུའུ་ཞིང་ཆེན་ཕིན་ལེང་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲེན་ཐའོ་ཡིས་བཤད་རྒྱུར། ཞིབ་བཤེར་དང་ལག་བསྟར་ལེགས་བཅོས་བྱེད་པ། གཅིག་བསྡུས་བཅོས་སྐྱོང་ལེགས་བཅོས། དམངས་ཀྱི་དཀའ་ངལ་སེལ་བ་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱོད་ཚུལ་རྙིང་པ་དག་ཐེར་ལེགས་བཅོས་དང་སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་ཁག་ཐེག་བྱེད་དགོས་ལ། སྦྱོར་བ་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོབ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་དགོས་ཟེར།