ཟླ7པའི་ཚེས1ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་སོ་ཏི་ཨ་རབ་ཀྱི་རྒྱལ་སྤྱིའི་གློག་ཤུགས་དང་ཆུ་དོན་ཀུང་ཟིའི་རྐང་གཉེར་དབུ་གཙོ་མུའུ་ཧན་མོ་ཏི·ཨ་པུའུ་ནཱ་དབྱང་སོགས་དང་བཞུགས་མོལ་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་མུའུ་ཧན་མོ་ཏི·ཨ་པུའུ་ནཱ་དབྱང་སོགས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་ལྗང་མདོག་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས། ཁོ་ཚོས་བཤད་རྒྱུར། ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གྱི་ཁྲིད་སྟོད་འོག མཚོ་སྔོན་ཞིང་ཆེན་དང་སོ་ཏི་ཨ་རབ་ཀྱི་རྒྱལ་སྤྱིའི་གློག་ཤུགས་དང་ཆུ་དོན་ཀུང་ཟིའི་དངོས་སྒྲུབ་མཉམ་ལས་བྱས་ཏེ་ཕན་ཚུན་བར་མཛའ་བརྩེ་ཟབ་མོ་ཆགས་ཡོད། མཚོ་སྔོན་ཞིང་ཆེན་དང་སོ་ཏི་ཨ་རབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་སྟེང་ཐོན་ཁུངས་ཀྱི་སྩོལ་ནུས་འདྲ་ལ། ཐོན་ལས་ཀྱི་ཁྱད་ཆོས་ཀྱང་འདྲ་བས། ཐོན་ལས་མཉམ་ལས་དང་ཁྱད་སྟོབས་གསབ་རེས་ཀྱི་མདུན་ལྗོངས་ཆེན་པོ་ལྡན། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་སོ་ཏི་ཨ་རབ་ཀྱི2030ལོའི་ཕུགས་འདུན་ལ་ཟུང་འབྲེལ་དམ་པོ་བྱས་ནས། མགྱོགས་མྱུར་སྒོས་མཉམ་ལས་ལས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ནུས་ཁུངས་གསར་པའི་མཉམ་ལས་ཀྱི་ཚད་ཤིང་གསར་པ་བསྐྲུན་དགོས།
མུའུ་ཧན་མོ་ཏི·ཨ་པུའུ་ནཱ་དབྱང་གིས་བསྟན་དོན། མཚོ་སྔོན་གྱིས་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་ཐོན་ལས་ཐད་ཀྱི་ཁྱད་སྟོབས་མངོན་གསལ་ཡིན་ལ། ང་ཚོས་མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱིན་ཡོད། སོ་ཏི་ཨ་རབ་ཀྱི་རྒྱལ་སྤྱིའི་གློག་ཤུགས་དང་ཆུ་དོན་ཀུང་ཟིས་བློ་བརྟན་འགྱུར་མེད་སྒོས་མཚོ་སྔོན་ལ་དུས་ཡུན་རིང་པོར་མཉམ་ལས་བྱེད་པར་ཤུགས་བསྣན་ནས། རྒྱལ་སྤྱིའི་ལས་གཞིའི་ཚོང་གཉེར་ཉམས་མྱོང་མཚོ་སྔོན་དུ་འཁྱེར་ཡོང་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཧུར་ཐག་གིས་བྱས་རྗེས་འཇོག་པ་དང་། སོ་ཏི་ཨ་རབ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་ཇེ་ལེགས་སུ་གཏོང་དགོས།
ཀྲང་ཅིན་ཀང་བཞུགས་མོལ་ལ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།