རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གདན་ཞུས་ལྟར་ཟླ7པའི་ཚེས5ཉིན་ནས་ཚེས8ཉིན་བར། པ་ཞི་རྒྱལ་ཁབ་ཀྱི་རྒྱལ་ས་ལིས་ཡུའེ་རི་ནའེ་ལུའུ་རུ་ཕེབས་ནས། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ཐེངས་བཅུ་བདུན་པར་ཞུགས་རྒྱུ་རེད།
ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏིས་པུའུ་ལིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ7པའི་ཚེས9ཉིན་ནས་ཚེས10ཉིན་བར་ཨེ་ཅིབ་ལ་དངོས་གཞིའི་འཚམས་འདྲི་གནང་རྒྱུ་རེད།