ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2025.07.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ7པའི་ཚེས4ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

གྲོས་ཚོགས་ལས་བསྟན་དོན། བདུན་གཅིག་གི་སྔོན་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང “སྤྱོད་ངན་བཞི”དག་བཅོས་ཀྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པའི་ཐད་ཐུན་མོང་སློབ་སྦྱོང་བྱས་ནས་ཏང་ཡོངས་ལ་མིག་དཔེ་བསྟན།     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཏང་འཛུགས་སྐྲུན་གྱི་ཤུགས་རྒྱག་ས་དང་གཙོ་འབད་ཁ་ཕྱོགས་འབུར་དུ་ཐོན་པར་བྱས་ཡོད་ལ། ཏང་གིས་རང་ངོས་གསར་བརྗེ་བྱེད་པའི་ཆོད་སེམས་བརྟན་པོ་དང་བརྡ་རྟགས་དྲག་པོ་མངོན་ཡོད་པས། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ།    ཏང་གཤིས་ཞུན་བརྡར་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་།    ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ།    ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་མོ་བཅས་བྱས་ཏེ།   རྒྱ་ཆེའི་ཏང་ཡོན་ལས་བྱེད་རྣམས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་བྱེད་མཁན་དང་།    འགུལ་སྐྱོད་ཕྱོགས་ཁག    ལག་ལེན་པ་བཅས་སུ་འགྱུར་བར་ཁྲིད་སྟོན་བྱེད་དགོས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་།    ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ།    བློ་མཐུན་ཁྲིན་ཡུན་སྐུ་འཁྲུངས་ནས་ལོ120འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ།    ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པའི་གྲོས་ཚོགས་བཅས་ཀྱི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།    དེ་མིན་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བརྒྱད་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ས་ཁུལ་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་གྲོས་དོན་མཐུན་སྦྱོར་ལས་ཁུངས་སོ་སོའི་འགན་འཁྲིའི་ངེས་གནས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། ལས་འགན་གཙོ་བོར་དམིགས་ནས་དོན་ཆེན་སྒྲུབ་པ་དང་།    དོན་ཆེན་ལ་གྲོས་ཞིབ་བྱེད་པ།    དོན་ཆེན་དམ་འཛིན་བཅས་བྱས་ནས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ཇི་མ་ཇི་བཞིན་དུ་ལག་བསྟར་བྱས་ཏེ་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས། རང་འགུལ་སྒོས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་དང་མཉམ་འདྲེས་བྱས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཏིང་ཟབ་པའི་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ།    ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་གི་ཐོག་ནས་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱིས་མཚོ་སྔོན་དུ་བློ་བདེ་མོར་ཚོང་གཉེར་བ་དང་།  བློ་བདེ་མོར་མ་དངུལ་གཏོང་བ།    བློ་རྩེ་གཅིག་སྒྲིམ་གྱིས་གོང་འཕེལ་གཏོང་བ་བཅས་བྱེད་དུ་འཇུག་དགོས།  བློ་མཐུན་ཁྲིན་ཡུན་གྱི“བདེན་གཙོ་ཁོ་ན་ལས་མེད་པའི”ལག་ལེན་གཤིས་རྒྱུད་དང་། དཀའ་སྤྱད་སྡུག་རུས་དང་ཆོས་ཉིད་འཚོལ་ཞིབ་བྱེད་པའི་འགོ་ཁྲིད་ཀྱི་སྒྱུ་རྩལ་དང་བབ་ཆགས་ཀྱི་གཞུང་ཞབས་པའི་བརྩེ་སེམས་བཅས་ལ་སློབ་སྦྱོང་བྱས་ཏེ། དེ་དག་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་སྟོབས་ཆེན་དང་དངོས་སྒྲུབ་བྱ་སྤྱོད་དུ་བསྒྱུར་དགོས། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ཁྱོན་ཡོངས་ཁྲོད་ཧུར་ཐག་གིས་མཉམ་འདྲེས་ཡོང་བར་བྱེད་པ་དང་།    ནུས་ཁུངས་གཙང་མ་དང་སྐྱེ་ཁམས་ཡུལ་སྐོར་སོགས་དགེ་མཚན་ལྡན་པའི་ཁྱབ་ཁོངས་ལ་དམིགས་ཏེ། ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་བར་གྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས།  རྒྱ་ཆེའི་ན་གཞོན་རྣམས་ཀྱིས་མི་སྒེར་འཚར་ལོངས་འབྱུང་བ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་དང་མཚོ་སྔོན་གྱི་ལག་ལེན་ལ་ཟུང་འབྲེལ་དམ་ཟབ་བྱས་ཏེ། ན་གཞོན་རྣམས་ལ་གསར་གཏོད་དང་ལས་སྐྲུན་གྱི་གར་སྟེགས་བསྐྲུན་ནས་འགན་སྲུང་ལེགས་པོ་འདོན་སྤྲོད་བྱ་དགོས།     གོ་གནས་སྔར་ལས་མཐོ་བ་དང་འགན་འཁྲི་སྔར་ལས་དྲག་པོས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་།    རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོབ་ཡག་པོ་བྱས་ནས་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་དགོས།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི“ཤུགས་རྒྱག་ས་ལྔའི”བྱ་བའི་བླང་བྱ་སློབ་སྦྱོང་བྱེད་པ་དང་དེར་གོ་བ་ནན་མོ་བླངས་ནས།    གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་།    བཅོས་སྒྲིག་གི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ།   བྱ་བའི་ཕན་འབྲས་དོན་གཉེར་བཅས་བྱས་ཏེ།    སློབ་སྦྱོང་སློབ་གསོར“གཟབ་ནན་སྒོས་ཕྱིར་མིག་བལྟ་བ”དང་།    ཞིབ་བཤེར་གཏིང་ཟབ་དང་བཅོས་སྒྲིག་ལ་སྐུལ་བའི་བྱ་བ་སྣ་ཚོགས་སྤུས་ཚད་མཐོན་པོས་ཡོངས་འགྲུབ་བྱ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་དངུལ་རྩའི་མ་ལག་གི་ཏང་གི་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཏང་གིས་དངུལ་རྩའི་ཁེ་ལས་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་བསྟུད་མར་ཇེ་ཆེར་གཏོང་བ་དང་།    དངུལ་རྩའི་ལས་ཁུངས་ཀྱིས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་པར་མཛུབ་སྟོན་བྱེད་པ།    དངུལ་རྩའི་མ་ལག་གི་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་ནན་མོ་བྱས་ནས། སྤྱོད་བཟང་གཞུང་དྲང་གི་དངུལ་རྩའི་ཆབ་སྲིད་ཀྱི་སྣང་ཚུལ་ཞིག་བསྐྲུན་དགོས།

གྲོས་ཚོགས་ལས་བསྟན་དོན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱེད་པའི་བསམ་ཕྱོགས་བཟང་པོ་དང་སྲིད་ཇུས་བཟང་པོར་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ལས་གཞི་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ནན་མོ་བྱས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་སྐོར་ལྔ་པ་དང་དྲུག་པའི་བརྗེ་རེས་བྱ་བ་ཏན་ཏིག་གིས་ལེགས་པར་བསྒྲུབ་དགོས།

ཚོགས་འདུའི་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

ཤ་བོ་རིན་མཚོས་བསྒྱུར།