ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འགན་འཁུར་བློ་མཐུན་ལ་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་རིམ་པ་དང་པོའི་འཁྲབ་སྟོན་པ་ཡིའུ་པིན་ཁྲང་ལ་སྐུལ་ལྕག་དང་འཚམས་འདྲི་གནང་བ་བརྒྱུད་སྒྲོག་བྱེད་པའི་མངག་བཅོལ་གནང་བར་རིག་རྩལ་ལས་རིགས་ཁྲོད་དོ་སྣང་ཆེན་པོ་ཐོབ། རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས། སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་དམ་པོར་བཅངས་ནས། སྒྱུ་རྩལ་གྱི་ཕུགས་བསམ་ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་འདྲེས་པར་བྱེད་པ་དང་། ཕུགས་འདུན་ཡིད་ཆེས་བརྟན་པོས་དུས་རབས་གསར་པའི་རིག་རྩལ་བྱ་གཞག་གི་འོད་སྟོང་འཕྲོ་བའི་ལེའུ་འབྲི་དགོས་པའི་ཚུལ་བསྟན།
ཡིའུ་པིན་ཁྲང་དགུང་ལོ92ལ་སླེབས་སྐབས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་ཤེས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཡིའུ་པིན་ཁྲང་ལ་ཏང་ལ་ཕྱོགས་པའི་བློ་སེམས་བརྟན་པོ་ཡོད་པར་སེམས་འགུལ་ཆེན་པོ་ཐེབས་ཡོད། ཡིའུ་པིན་ཁྲང་གིས་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ཏེ། རིག་རྩལ་བྱ་བ་སྒྲུབ་མཁན་སྔར་ལས་མང་པོའི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་གཏོང་བར་སྐུལ་འདེད་གཏོང་བ་དང་། རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་འབུལ་རྒྱུའི་ཐུགས་རེ་བཅངས་ཡོད་པ་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་སྐུལ་ལྕག་དང་འཚམས་འདྲིས་ཡིའུ་པིན་ཁྲང་དང་རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་དང་ངར་ཤུགས་ཆེན་པོ་བསྐྱེད།
རིག་རྩལ་ནི་དུས་རབས་ཀྱི་མདུན་སྐྱོད་དུང་བརྡ་ཡིན་ལ། དུས་རབས་ཤིག་གི་རྣམ་པ་མཚོན་ཐུབ་པ་དང་། དུས་རབས་ཤིག་གི་དར་སྲོལ་ལ་སྣེ་ཁྲིད་བྱེད་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུལ་ལྕག་གིས་རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་ཚོས་རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་སྒྱུ་རྩལ་གྱི་ཕུགས་འདུན་བརྟན་སྲུང་བྱེད་པ། རིག་རྩལ་གྱི་མཐོ་སར་འཛེག་པར་སྐུལ་སློང་བྱེད་ཀྱིན་ཡོད། ཚང་མས། དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་སྟེང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་དང་འཚོ་བའི་ཁྲོད་རྩ་བ་ཚུགས་པ། ཀུན་སྤྱོད་ལ་བརྩི་མཐོང་དང་སྒྱུ་རྩལ་དར་སྤེལ་གཏོང་བ། དྲང་སྲུང་གསར་གཏོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་གཏོང་བ་དང་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་འབུལ་དགོས་པའི་ཚུལ་བསྟན།