རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཁོར་སྐྱོད་དཔལ་འབྱོར་ཡར་སྐུལ་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་སྤེལ་འགོ་བརྩམས།
2025.07.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས7ཉིན་འཁོར་སྐྱོད་དཔལ་འབྱོར་ཡར་སྐུལ་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་སྤེལ་འགོ་བརྩམས།

ཐེངས་འདིའི་ཁྲིམས་བསྟར་ཞིབ་བཤེར་སྐབས་སུ། ས་གནས་སུ་སོང་ནས་ཞིབ་བཤེར་བྱེད་རྒྱུ་དང་ཞིང་ཆེན་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་མངག་བཅོལ་བྱས་ནས་ཞིབ་བཤེར་བྱེད་རྒྱུ་གཉིས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད། ཟླ7པ་ནས་ཟླ9པའི་བར། ཞིབ་བཤེར་ཚན་ཆུང་ཐེན་ཅིན་དང་། ཅང་སུའུ། ཀྲེ་ཅང་། ཧྥུའུ་ཅན། ཧུའུ་པེ། ཀོང་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་སོང་ནས་ཡུལ་དངོས་ཞིབ་བཤེར་སྤེལ་བ་མ་ཟད། ནང་སོག་དང་། ཧུའུ་ནན། ཁྲུང་ཆིན། ཀུའེ་ཀྲོའུ། ཡུན་ནན། ཀན་སུའུ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་མངག་བཅོལ་བྱས་ནས་སྲིད་འཛིན་ས་ཁོངས་ནང་གི་འཁོར་སྐྱོད་དཔལ་འབྱོར་ཡར་སྐུལ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ་རེད།

ཁྲིམས་བསྟར་ཞིབ་བཤེར་ཁྲོད། ཞིབ་བཤེར་ཚན་ཆུང་གིས་གཙོ་བོ་ཕྱོགས་ལྔ་ཐད་ཀྱི་ནང་དོན་དེ། འཁོར་སྐྱོད་དཔལ་འབྱོར་གྱི་བཅའ་ཁྲིམས་ལམ་ལུགས་གཙོ་བོ་ལག་བསྟར་བྱས་ཚུལ་དང་། འཕྲི་ཚད་ཅན་དང་ཡང་བསྐྱར་བེད་སྤྱོད། ཐོན་ཁུངས་ཅན་གྱི་བྱེད་ཐབས་ལག་བསྟར་བྱས་ཚུལ། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་ཁྲིམས་བཀོད་འགན་འཁྲི་དང་སྐུལ་སློང་བྱེད་ཐབས་ལག་བསྟར་བྱས་ཚུལ། ཆ་སྡེབས་ཁྲིམས་སྲོལ་དང་སྒྲིག་སྲོལ། ཚད་གཞི། མིང་ཐོ་སྒྲིག་བཟོ་བཟོ་བཅོས་བྱས་ཚུལ། བཅའ་ཁྲིམས་ལག་བསྟར་ཁྲོད་གནས་པའི་གནད་དོན་གཙོ་བོ་དང་བསམ་འཆར་གྲོས་གཞི།  བཅའ་ཁྲིམས་བཟོ་བཅོས་ཐད་ཀྱི་བསམ་འཆར་གྲོས་གཞི་བཅས་ལ་ཞིབ་བཤེར་བྱ་རྒྱུ་རེད།