ཟླ7པའི་ཚེས7ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། འཕྲིན་ལན་གལ་ཆེན། རྟེན་འབྲེལ་ཞུ་ཡིག་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་པ་དང་། སློབ་སྦྱོང་སློབ་གསོ་དང་གཙང་པོ་སྲུང་སྐྱོབ་བཅོས་སྐྱོང་། ཀུན་སྤྱོད་མཁའ་འགྲུལ་འཕེལ་རྒྱས་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཅིག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། ལྟ་སྐུལ་སྒྲིག་སྐྱོང་ལ་ཤུགས་སྣོན་པ་དང་། དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་ལེན་པ། འབད་བརྩོན་ལྷོད་མེད་ཀྱིས་སྤྱོད་ཚུལ་འཛུགས་སྐྲུན་གྱི་བླང་བྱ་སྣ་ཚོགས་སྲིད་གཞུང་གི་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་སོ་སོར་དོན་འཁྱོལ་བྱེད་དགོས། གྲོས་དོན་མཐུན་སྦྱོར་ལས་ཁུངས་ཀྱི་ཕན་ནུས་མཐོ་བའི་འཁོར་སྐྱོད་ལ་སྐུལ་འདེད་བཏང་སྟེ། ལས་འགན་གཙོ་བོར་དམིགས་ནས་དོན་ཆེན་སྒྲུབ་པ་དང་དོན་ཆེན་ལ་གྲོས་མོལ་བྱེད་པ། དོན་ཆེན་དམ་འཛིན་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ཇི་མ་ཇི་བཞིན་དུ་ལག་བསྟར་བྱས་ནས་ཕན་འབྲས་ཐོབ་པར་བྱ་དགོས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ས་ཁུལ་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན། རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཉེར་བརྒྱད་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་འཛུགས་སྐྲུན་ཁྲོད་རང་འགུལ་སྒོས་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུས་ཤིང་། “གཅིག་གྱུར་ལྔ་དང་སྒོ་འབྱེད་གཅིག”གི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། བརྟན་ལྷིང་དྲང་གཞག་དང་མངོན་གསལ་ཡིན་ལ་སྔོན་དཔག་བྱ་ཐུབ་པའི་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་སྒོས་བསྐྲུན་ནས། ཕྱི་ཚོང་དང་ནང་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་གནད་དུ་བཟུང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་མྱུར་དུ་བསྐྲུན་ནས། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་མཐུད་སྒོས་སྲ་བརྟན་དུ་གཏོང་དགོས། ན་གཞོན་བྱ་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ན་གཞོན་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་རང་འགུལ་སྒོས་སེམས་ཁུར་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། རང་ཞིང་གི་རྒྱ་ཆེའི་ན་གཞོན་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཁྲོད་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པར་ཁྲིད་སྟོན་བྱ་དགོས།
གྲོས་ཚོགས་ལས་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་བྱ་བའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་སློབ་སྦྱོང་བགྲོ་གླེང་དང་། གནད་དོན་བཤེར་འདོན། གཅིག་བསྡུས་བཅོས་སྒྲིག་སོགས་གཙོ་གནད་ནང་དོན་ལ་དམིགས་ནས། ནན་ཏན་སྒོས་སློབ་སྦྱོང་སློབ་གསོར“ཕྱིར་མིག་བལྟ་བ”དང་། སྣ་རེ་རེ་བཞིན་ལེགས་སྒྲིག་དང་རྩིས་བཤེར་བྱས་ཏེ། དུས་ཐོག་ཏུ་མི་འདང་ས་བཟོ་བཅོས་དང་ཞན་ཆ་ཁ་གསབ་བྱས་ནས། སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་གིས་སྤེལ་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། མཐོ་སྒང་དང་ཐོན་ཁུངས། ནུས་ཁུངས་བཅས་གཙོ་འབད་ཁ་ཕྱོགས་ལ་དམིགས་ནས། གསར་སྐྲུན་ཐོན་ཁུངས་སྔོག་པ་དང་གསར་སྐྲུན་གྲུབ་འབྲས་བསྐྱེད་དེ། ཚན་རྩལ་གསར་གཏོད་ཕྱོགས་ཡོངས་ནས་གཏིང་ཟབ་དང་ཏན་ཏིག་གིས་སྤེལ་དགོས། “ལས་ཆོད་ཆེན་པོས་བྱ་བ་གཅིག་འགྲུབ་པར་བྱེད་པའི”གཙོ་གནད་ལས་དོན་གྱི་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་འཛུགས་རྒྱུར་ཤུགས་བསྣན་ཏེ། ཁེ་ལས་དང་མང་ཚོགས་ཀྱི་དོན་དག་སྒྲུབ་པར་ཡིད་ཚིམ་ཚད་དང་ཐོབ་སྣང་སྔར་ལས་ཆེ་རུ་གཏོང་དགོས། ཕྱོགས་སོ་སོའི་འགན་འཁྲི་དངོས་འབེབས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི“བཟང་བོ་བཞིའི་ཞིང་སྡེའི་ལམ”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་གྲུབ་འབྲས་གསར་པ་ཐོབ་པར་བྱ་དགོས། ལོ་སྟོད་ཀྱི་བྱ་བར་སྤྱི་བསྡོམས་ནན་ཏན་བྱེད་པ་དང་ལོ་སྨད་ཀྱི་ལས་འགན་ལ་གོ་རིམ་ལྡན་པའི་འཆར་འགོད་བྱེད་པ། གནད་ལ་འཁེལ་བའི་བཀོད་གཏོང་ལ་ཤུགས་སྣོན་པ། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་ལ་རྨང་གཞི་ཡག་པོ་འདིང་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི་ཀུན་སྤྱོད་མཁའ་འགྲུལ་གྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད》ལ་གྲོས་ཞིབ་བྱས་ནས་རྩ་དོན་སྟེང་གྲོས་འཆམ་བྱུང་།
གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
ཤ་བོ་རིན་མཚོས་བསྒྱུར།