ལུའོ་ཏུང་ཁྲོན་གྱིས་ཙི་ཅིན་གཏེར་ལས་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཁྲིན་ཅིན་ཧི་སོགས་ལ་ཐུག་འཕྲད་བྱས།
2025.07.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ7པའི་ཚེས7ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཙི་ཅིན་གཏེར་ལས་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ཁྲིན་ཅིན་ཧི་སོགས་ལ་ཐུག་འཕྲད་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཁྲིན་ཅིན་ཧི་སོགས་ལ་དགའ་བསུ་ཞུས། ཁོས་བཤད་རྒྱུར། མིག་སྔར། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་བློ་བརྟན་འགྱུར་མེད་སྒོས་མདུན་དུ་སྐྱོད་བཞིན་ཡོད་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་སྐྲུན་བཞིན་ཡོད་ལ། མགྱོགས་མྱུར་སྒོས་ལྗང་མདོག་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་སྐྲུན་བཞིན་ཡོད་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་རྒྱུན་ཆད་མེད་པར་མངོན་བཞིན་ཡོད། ཕྱོགས་གཉིས་ཀྱིས་ད་ཡོད་མཉམ་ལས་ཀྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་བ་དང་།  ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་གསར་གཏོད་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་པ།    གཏེར་ཁའི་ཐོན་ཁུངས་རྩད་ཞིབ་སོགས་ཁྱབ་ཁོངས་སུ་མཉམ་ལས་ཟབ་མོ་བྱས་ཏེ། རྒྱལ་ཁབ་ཀྱི་ཐོན་ཁུངས་ནུས་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་རྒྱུའི་རེ་བ་ཡོད།

ཁྲིན་ཅིན་ཧི་ཡིས་ཁེ་ལས་ཀྱི་འཕེལ་རྒྱས་དང་མཚོ་སྔོན་དུ་དངུལ་གཏོང་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། ཁོས་ལག་རྩལ་དང་འཇོན་མི། དོ་དམ། ཁྲོམ་ར་བཅས་ཀྱི་ཁྱད་སྟོབས་མུ་མཐུད་དུ་བཏོན་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཁྲོད་རང་འགུལ་སྒོས་འདྲེས་པར་བྱས་ནས། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པའི་ཁྲོད་གཉིས་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་མངོན་འགྱུར་བྱ་དགོས་ཞེས་བསྟན།

ཀྲང་ཅིན་ཀང་ཐུག་འཕྲད་ལ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།