ལིས་ཆང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི་ལ་མཇལ་འཕྲད་གནང་།
2025.07.09 ཁུངས། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ7པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ལི་ཡུའེ་རི་ནེ་ལུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི་ལ་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ7པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ལི་ཡུའེ་རི་ནེ་ལུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འགོར་བའི་རིང་། འཛམ་གླིང་གི་ཞི་བདེ་ལྷིང་འཇགས་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། དེང་སྐབས་འཛམ་གླིང་གི་བརྟན་འཇགས་མིན་པ་དང་ངེས་གཏན་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔར་ལས་ལྷག་པའི་བྱེད་ནུས་འདོན་སྤེལ་བྱེད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་འཛམ་གླིང་གི་གྲོས་གཞི་ཆེན་པོ་གསུམ་བཏོན་པ་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་སྒྲིག་སྲོལ་གྱི་དམིགས་གཞིའི་རྩ་དོན་དང་ཧ་ཅང་མཐུན་པར་མ་ཟད། ཀྲུང་གོས་ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་རྒྱུན་གཏན་གྱི་ལངས་ཕྱོགས་དང་དངོས་གཉེར་གྱི་རྣམ་འགྱུར་མངོན་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཐུན་སྦྱོར་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་སྤྱིའི་སྒྲིག་རིམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།

ལིས་ཆང་གིས་བསྟན་དོན། རྒྱལ་སྤྱིའི་གནས་བབ་ཇི་ལྟར་རྙོག་འཛིང་ཆེ་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཟིལ་སྔར་ལས་རྒྱུན་འཁྱོངས་དང་དེར་སྲུང་སྐྱོང་བྱེད་དགོས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་བཅོས་སྐྱོང་ཁྲོད་ཀྱི་སྲོག་ཤིང་གོ་གནས་ལ་སྲུང་སྐྱོང་བརྟན་པོ་བྱེད་ཅིང་། ཕྱོགས་སོ་སོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་སོ་སོར་སྐུལ་འདེད་གང་ལེགས་གཏོང་འདོད་ཡོད། མིག་སྔར་འཛམ་གླིང་གི་བདེ་འཇགས་གནས་བབ་ཛ་དྲག་ཏུ་གྱུར་ཡོད། ཀྲུང་གོས་གནད་དོན་ཚ་ཤས་ཆབ་སྲིད་ཀྱིས་ཐག་གཅོད་པར་སྐུལ་འདེད་གཏོང་བའི་ཐད་ནས་ཁ་འདུམ་དང་གྲོས་མོལ་ཡར་སྐུལ་ལ་འབད་པ་བྱས་ཏེ། མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་བྱས་ཏེ་ཛ་དྲག་གི་གནས་བབ་ཞི་ལྷོད་དུ་གཏོང་ཆེད་ཁྱད་དམིགས་བྱེད་ནུས་འདོན་སྤེལ་བྱེད་འདོད་ཡོད། ཕྱོགས་སོ་སོས་འཕེལ་རྒྱས་ལས་དོན་དེ་རྒྱལ་སྤྱིའི་གྲོས་རིམ་ཁྲོད་ཀྱི་གོ་གནས་གཙོ་བོར་བཞག་སྟེ། འཛམ་གླིང་འཕེལ་རྒྱས་མཉམ་ལས་ལ་ཤུགས་བསྣན་ནས། ཐོན་ཁུངས་གང་བཟང་སྔོན་ལ་དབུལ་སེལ་དང་སློབ་གསོ། ལས་ཞུགས། བྱེད་ནུས་འཛུགས་སྐྲུན་སོགས་ཁྱབ་ཁོངས་གཙོ་བོའི་ཐད་བཀོལ་ནས། འཛམ་གླིང་འཕེལ་རྒྱས་གྲོགས་པོའི་འབྲེལ་བ་བསྐྱར་འཛུགས་བྱེད་རྒྱུ་ཡིན། ཀྲུང་གོ་དེ་འགན་ཁུར་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། སྒོ་འབྱེད་རྒྱ་སྐྱེད་དང་བརྟན་གཏོང་བྱ་བ་རྒྱུན་མཐུད་ངང་བསྒྲུབ་སྟེ། རྒྱལ་ཁབ་སོ་སོར་གོ་སྐབས་མཉམ་སྤྱོད་བྱས་ནས་ཐུན་མོང་འཕེལ་རྒྱས་འགྲོ་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མི་ཐབས་རིག་ནུས་དང་། དྲ་རྒྱའི་བར་སྟོང་། གླིང་སྣེ། བར་སྣང་སོགས་གསར་དར་ཁྱབ་ཁོངས་བཅོས་སྐྱོང་གི་མི་འདང་ས་མྱུར་དུ་ཁ་གསབ་བྱེད་པར་རྒྱབ་སྐྱོར་བྱེད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདིའི་ཐད་རྒྱུ་ལམ་གཙོ་བོའི་བྱེད་ནུས་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།

ཀུའུ་ཐི་ལའེ་སི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱི་དུས་ཡུན་རིང་པོར་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བརྟན་པོ་བྱས་པར་བཀའ་དྲིན་ཆེ་ཞུས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གྲོས་གཞི་ཆེན་མོ་གསུམ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་འབེན་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་གནད་དོན་ཚ་ཤས་ཆབ་སྲིད་ཀྱིས་ཐད་གཅོད་པར་སྐུལ་འདེད་དང་། རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་མ་ལག་བཅོས་སྒྱུར་བྱེད་པ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། དེང་སྐབས་ཀྱི་རྒྱལ་སྤྱིའི་གནས་བབ་ལ་ཁ་གཏད་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་ངོ80འཁོར་བ་གོ་སྐབས་སུ་བྱས་ཏེ། ཀྲུང་གོའི་ཕྱོགས་ཀྱི་མཉམ་ལས་ཐད་ཤུགས་སྣོན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་སྒྲིག་སྲོལ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་། ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱེད་ཅིང་། ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་རྒྱུ་མ་ཟད། མི་ཐབས་རིག་ནུས་ཀྱི་འཛམ་གླིང་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རེ་བ་བྱས་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།