ལིས་ཆང་པ་ཞིའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས།
2025.07.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་གནས་དེ་གའི་ཟླ7པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ལིས་ཡའེ་རའེ་ནའེ་ལུའུ་རུ་པ་ཞིའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས།

ས་གནས་དེ་གའི་ཟླ7པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ལིས་ཡའེ་རའེ་ནའེ་ལུའུ་རུ་པ་ཞིའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས། ཀྲུང་གོའི་དངུལ་ཁང་དང་ཁྲང་ཁྲོན་རླངས་འཁོར། རྒྱལ་ཁབ་གློག་དྲ། ཅིན་ཧྥུན་ཚན་རྩལ། ཀྲུང་གོའི་འབྲུ་རིགས་སྡེ་ཚོགས། ཀི་ལིས་གློག་ཆས། ཏཱ་ཧྭ་ལག་རྩལ། ཀྲུང་ཐེན་ཚན་རྩལ་སོགས་ཁེ་ལས་ཀྱི་ས་གནས་དེ་གའི་འགན་ཁུར་མི་སྣ་ཚོགས་འདུར་ཞུགས།

ཁེ་ལས་ཀྱི་འཐུས་ཚབ་མི་སྣའི་གཏམ་བཤད་ལ་གསན་རྗེས། ལིས་ཆང་གིས་བསྟན་དོན། ལོ་ངོ་འདི་དག་གི་རིང་ལ། ཀྲུང་གོའི་ཁེ་ལས་ཀྱི་ཕྱིར་གཏོང་གོམས་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ནུས་པ་ཇེ་ཆེར་འགྲོ་བཞིན་ཡོད་པར་མ་ཟད། རྒྱལ་ནང་གི་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་གྱི་གལ་ཆེའི་རང་བཞིན་ཡང་ཉིན་རེར་ཆེ་རུ་འགྲོ་བཞིན་ཡོད། ད་ལོའི་ཚུན་ལ། ཀྲུང་གོའི་དཔལ་འབྱོར་གྱིས་གནོན་ཤུགས་ཐེག་ནས་རྒྱུན་མཐུད་སྒོས་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་ལ། ལོ་སྟོད་ཀྱི་གནས་ཚུལ་ལ་བལྟས་ན། འཕར་སྣོན་ལ་མཉེན་ཤུགས་ཆེ་ཞིང་། ནང་མཁོ་ལ་སྦས་ཤུགས་ཡོད་པ་དང་། གསར་གཏོད་ལ་ཁྱད་ཆོས་ལྡན། ཀྲུང་གོའི་དཔལ་འབྱོར་ལ་ཕྱི་ཕྱོགས་རྡུང་རྡེག་གང་རུང་གི་ཉམས་སད་ཐེག་པའི་ནུས་པ་ལྡན་ཞིང་། ཡུན་རིང་བརྟན་བརླིང་འཕེལ་རྒྱས་མངོན་འགྱུར་བྱུང་བས། ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་ཀྱི་ཀྲུང་གོའི་དངུལ་གཏོང་ཁེ་ལས་འཕེལ་རྒྱས་འགྲོ་བའི་རྒྱབ་རྟེན་བརྟན་པོར་འགྱུར་སྲིད། སྲིད་གཞུང་སྡེ་ཁག་གིས་ཁེ་ལས་ཀྱི་ཞབས་ཞུ་དང་འགན་སྲུང་ལེགས་པོར་བསྒྲུབ་ནས། རིགས་སོ་སོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྐྱེན་སྲོལ་གྱི་སྟེགས་བུ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ་དང་། ཕྱི་ཕྱོགས་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། སྲིད་ཇུས་བློ་འདྲི་དང་དངུལ་རྩ། ཡིད་རྟོན་འགན་སྲུང་། བདེ་འཇགས་འགན་སྲུང་སོགས་ཀྱི་ཕྱོགས་ནས། ཤུགས་ཚད་སྔར་ལས་ཆེ་བའི་རྒྱབ་སྐྱོར་སྲིད་ཇུས་ཞིབ་འཇུག་བྱས་ཏེ་འདོན་པ་དང་། ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་ཞིང་སྟབས་བདེ་མང་པོ་འདོན་སྤྲོད་བྱེད་དགོས།

ལིས་ཆང་གིས་བསྟན་དོན། མིག་སྔའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གནས་བབ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ལ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་སྣང་ཚུལ་ཇེ་མང་དུ་སོང་བས། ཉོ་ཚོང་དངུལ་གཏོང་གི་བཀག་རྒྱ་ཇེ་མང་དུ་སོང་བ་དང་། དུས་མཚུངས་སུ། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕེལ་རྒྱས་སྐུལ་འདེད་གཏིང་ཟབ་འགྲོ་བཞིན་ཡོད་ལ། ཁེ་ལས་ལ་མཚོན་ནས་བཤད་ན་འགྲན་རྩོད་ཡོད་ལ་གོ་སྐབས་ཀྱང་ཡོད། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱིས་དུས་བབ་དང་བསྟུན་ནས་འཕེལ་རྒྱས་གཏོང་བ་དང་འགུལ་སྐྱོད་ལེགས་པོ་བྱེད་དགོས་པའི་རེ་བ་བཅངས་ཡོད། ཟོང་རྟགས་ལེགས་པོ་བསྐྲུན་པ་དང་། རྒྱང་ལྟའི་གནས་བབ་ལ་ཤུགས་བསྣན་ནས། ཀྲུང་གོའི་བཟོ་སྐྲུན་དང་ཀྲུང་གོའི་གསར་སྐྲུན་གྱི་གོ་ལ་ཧྲིལ་བོའི་འགྲན་རྩོད་རང་བཞིན་ཆེ་རུ་གཏོང་དགོས། ས་གནས་རང་གི་ཁྲོམ་རར་རྐང་བཙུགས་ཏེ། འཛད་སྤྱོད་པར་འདྲེན་ཚོང་བྱེད་བདེ་བའི་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་པར་མ་ཟད། པ་ཞི་སྟེགས་བུར་བྱས་ནས་སྔར་ལས་རྒྱ་ཆེ་བའི་མེ་གླིང་ལྷོ་མའི་ཁྲོམ་རར་ཕྱིར་གཏོང་བྱེད་པ་དང་། འཕེལ་རྒྱས་ཆེན་པོ་འབྱུང་བར་བྱེད་དགོས། ས་གནས་རང་གི་བཅའ་ཁྲིམས་ལམ་ལུགས་དང་རིག་གནས་གོམས་སྲོལ་ལ་བརྩི་སྲུང་བྱས་ཏེ། ཁྲིམས་མཐུན་སྲོལ་མཐུན་ལྟར་ཚོང་གཉེར་བྱེད་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། འགན་འཁྲི་འཁུར་བ་དང་ཁག་ཁུར་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱི་སྣང་བརྙན་ཧུར་ཐག་གིས་བསྐྲུན་དགོས།

ཚོགས་ཞུགས་ཁེ་ལས་ཀྱི་འཐུས་ཚབ་པས་བསྟན་དོན། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱིས་རང་ངོས་དགེ་མཚན་དང་ཁྱད་ཆོས་ལ་རྐང་བཙུགས་ནས། མཉམ་ལས་ལ་ཤུགས་སྣོན་པ་དང་། འགྲན་རྩོད་རིགས་སྣ་ཚོགས་ལ་ནུས་ལྡན་སྒོས་ཁ་གཏད་གཅོག་པ། ས་གནས་ལ་རྐང་འཛུགས་པ་རྒྱུན་འཁྱོངས་བྱེད་པ་དང་།  ཁྲིམས་མཐུན་སྲོལ་མཐུན་ལྟར་སྐྱོན་བྲལ་ངང་ཚོང་གཉེར་བྱེད་པ། དངུལ་རྩ་དང་ནུས་ཁུངས། ཞིང་ལས། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་ལས་སྒོ་མུ་མཐུད་དུ་རྒྱ་བསྐྱེད་ནས། ཕྱི་ཕྱོགས་ཀྲུང་གོའི་ཁེ་ལས་ཀྱི་སྣང་བརྙན་ལེགས་པོར་སྲུང་སྐྱོབ་བྱེད་པ་དང་། ཀྲུང་གོས་པ་ཞི་སོགས་མེ་གླིང་ལྷོ་མའི་རྒྱལ་ཁབ་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་གི་དངུལ་གཏོང་འབྲེལ་བ་དམ་ཟབ་བཙུགས་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་བར་བྱེད་དགོས།


ལྷ་མོ་འཚོས་བསྒྱུར།