ཞིང་ཆེན་ཡོངས་ཀྱི་སློབ་སྦྱོང་སློབ་གསོར་ཕྱིར་ལྟ་བྱེད་པའི་བྱ་བའི་ཆེད་ཚན་གྱི་བཀོད་གཏོང་ཚོགས་འདུ་བསྡུས།
2025.07.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ7པའི་ཚེས9ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་སྦྱོང་སློབ་གསོའི་བྱ་བའི་ཆེད་ཚན་གྱི་ཀྲུའུ་རིན་ཀྲའོ་ཡའེ་ཞཱ་ཡིས་འགོ་འཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་སློབ་སྦྱོང་སློབ་གསོར་ཕྱིར་ལྟ་བྱེད་པའི་བྱ་བའི་ཆེད་ཚན་གྱི་བཀོད་གཏོང་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གཅིག་བསྡུས་སློབ་སྦྱོང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་རིམ་པའི་ཆེད་ཚན་དང་ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་དང་པོ། ཞིང་ཆེན་ཏང་ཨུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ནས། སློབ་སྦྱོང་སློབ་གསོར་ཕྱིར་ལྟ་བྱེད་པའི་བྱ་བར་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་སྐུལ་འདེད་བཏང་།

ཚོགས་འདུ་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལ་དམིགས་ནས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་ཕྱིར་ལྟ་བྱེད་པའི་བྱ་བ་དམ་འཛིན་ལེགས་པོ་བྱེད་པ། སྔར་ལས་དོན་འཁྱོལ་ལྔའི་བླང་བྱ་གལ་ཆེན་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ། སློབ་བཤེར་སྒྱུར་གསུམ་ལ་གཞི་གཅིག་གིས་སྐུལ་འདེད་གཏོང་བར་དམིགས་ཏེ། བསམ་བློའི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། བློ་རྩ་བརྟན་པོས་དོན་འཁྱོལ་དམ་འཛིན་བྱེད་པ། རང་ངོས་གསར་བརྗེའི་སྙིང་སྟོབས་མཐའ་འཁྱོལ་བ་བརྟེན་ནས། ཧེ་བག་འཚོལ་བ་དང་འབྱུང་ཁུངས་ལ་དབྱེ་ཞིབ་བྱེད་པ། ལེགས་བཅོས་དམ་འཛིན་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོ་བདེ་བླག་ངང་འགོ་བརྩམས་ནས་མཇུག་བསྒྲིལ་བ་དང་། བདེ་བླག་ངང་ལག་བསྟར་བྱས་ནས་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས། ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ནང་དོན་གཙོ་བོར་དམིགས་ནས། རང་རྟོགས་རང་བཤེར་ནན་མོ་བྱེད་པ་དང་ཞིབ་བཤེར་བྱ་བ་དམ་འཛིན་ལེགས་པོ་བྱེད་པ། སློབ་སྦྱོང་བགྲོ་གླེང་དང་གནད་དོན་ཞིབ་བཤེར་ཐག་གཅོད། གཅིག་བསྡུས་ལེགས་བཅོས། སྒོ་འབྱེད་སློབ་གསོ། རྩ་འཛུགས་འགོ་ཁྲིད་སོགས་ཀྱི་ནང་དོན་གཙོ་བོར་གཞིགས་ཏེ། དོན་ཚན་རེ་རེ་བཞིན་གསེད་བཀྲོལ་དབྱེ་ཞིབ་བྱེད་པ་དང་། དུས་ཐོག་ཏུ་མི་འདང་ས་བཅོས་སྒྱུར་དང་ཞན་ཆ་ཁ་གསབ་བྱེད་དགོས། རིམ་པ་སོ་སོའི་སློབ་སྦྱོང་སློབ་གསོའི་ཆབ་སྲིད་ཀྱི་འགན་འཁྲིར་དམིགས་ནས། བླང་བྱ་ནན་མོ་དོན་འཁྱོལ་དང་ཞིབ་བཤེར་བྱ་བ་དམ་འཛིན་ལེགས་པོ་བྱེད་པ། ཚད་གཞི་ཇེ་དམའ་རུ་མི་འགྲོ་བ་དང་ངར་ཤུགས་མི་ལྷོད་པ་རྒྱུན་འཁྱོངས་བྱས་ཏེ། འགན་འཁྲི་དངོས་འབེབས་དམ་འཛིན་བྱེད་པ་དང་། དཔྱད་འཇོག་དངོས་བཤེར་དམ་འཛིན་ལེགས་པོ་བྱེད་པ། མཛུབ་སྟོན་ལྟ་སྐུལ་ནན་མོ་བྱེད་པ། ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོངབ་དང་། ངར་ཤུགས་གཅིག་སྒྲིམ་དང་ཡང་འབད་བསྐྱར་འབད་བྱས་ཏེ། གནད་དོན་གྱི་གསལ་ཐོ་དེ་གྲུབ་འབྲས་ཀྱི་གསལ་ཐོར་བསྒྱུར་བ་དང་། ལེགས་བཅོས་ཀྱི་རྩིས་ཐོ་དེ་ཕན་འབྲས་ཀྱི་རྩིས་ཐོར་བསྒྱུར་དགོས་པའི་བླང་བྱ་བཏོན།

ཚོགས་འདུ་བརྙན་རིས་རྣམ་པས་བསྡུས་པ་དང་། འབྲེལ་ཡོད་ས་ཁུལ་གྱི་ལས་ཁུངས་དང་ལྟ་སྐུལ་ཚན་ཆུང་གིས་སྙན་ཞུ་ཕུལ།

ལྷ་མོ་འཚོས་བསྒྱུར།