སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེན་ཧྭ་སོགས་གློག་བརྙན་སྒྱུ་རྩལ་པར་འཕྲིན་ལན་སྤྲིངས་པར་དོ་སྣང་ཆེན་པོ་བྱུང་།
2025.07.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེན་ཧྭ་སོགས་གློག་བརྙན་སྒྱུ་རྩལ་པ་བརྒྱད་ལ་འཕྲིན་ལན་སྤྲིངས་ནས་གློག་བརྙན་བྱ་བ་སྒྲུབ་མཁན་རྣམས་ལ་ཐུགས་རེ་ནན་མོ་བཏོན། རྒྱ་ཆེའི་གློག་བརྙན་བརྙན་འཕྲིན་སྒྱ་རྩལ་པ་ཚོས། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱིས་མི་སེམས་ལ་དྲོད་ཁོལ་སྦྱིན་ཞིང་མདུན་སྐྱོད་ལ་སྐུལ་ལྕག་བྱེད་ཐུབ་པས། སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་བརྟན་པོར་འཛིན་པ་དང་། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། འཚོ་བའི་གཤིན་ས་རུ་རྩ་བ་ཚུགས་པ་དང་། མི་དམངས་ཀྱི་བསམ་འདུན་མཚོན་པ། དོན་སྙིང་ལྡན་པ་དང་ཀུན་སྤྱོད་བཟང་བ། དྲོད་ཁོལ་ལྡན་པའི་རིག་རྩལ་བརྩམས་ཆོས་སྔར་ལས་མང་པོ་གསར་རྩོམ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བ།བ་དང་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་པའི་ཚུལ་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་སྒྱུ་རྩལ་པ་བརྒྱད་ཀྱིས་དུས་ཡུན་རིང་པོར་ཏང་དང་མི་དམངས་ལ་དགའ་ཞིང་། སྒྱུ་རྩལ་གྱི་ཕུགས་བསམ་བརྟན་སྲུང་བྱེད་པའི་སེམས་པ་ཁྱེར་ནས། གསོན་ཉམས་དོད་པའི་སྣང་བརྙན་མང་པོ་བཞེངས་བསྐྲུན་བྱས་ནས། དུས་རབས་འགའི་ལྟད་མོ་བར་བརྗེད་མི་ཐུབ་པའི་དྲན་ཤིང་བཞག་ཡོད་ཅེས་གསུངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱིས་སྒྱུ་རྩལ་པ་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་ངར་ཤུགས་རྒྱས་སུ་བཅུག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཐབ་ལམ་གསར་བའི་སྟེང་། སྒྱུ་རྩལ་པ་བརྒྱད་ཀྱིས་ཀུན་སྤྱོད་དང་སྒྱུ་རྩལ་ལ་བརྩི་མཐོང་བྱེད་པའི་སྟེང་མུ་མཐུད་དུ་མིག་དཔེ་སྟོན་པ་དང་། རྒྱ་ཆེའི་གློག་བརྙན་བྱ་བ་སྒྲུབ་མཁན་གྱི་སྣེ་ཁྲིད་དེ་རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། འཚོ་བའི་གཤིན་སར་རྐང་ཚུགས་པ། དུས་རབས་ཀྱི་སྙིང་སྟོབས་ལ་བསྟོད་པ་དང་མི་དམངས་ཀྱི་བསམ་འདུན་མཚོན་པའི་བརྩམས་ཆོས་སྤུས་ལེགས་སྔར་ལས་མང་པོ་འབད་པས་བརྩམས་ནས། རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ་དང་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོས་དུས་རབས་གསར་པའི་གློག་བརྙན་གསར་རྩོམ་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་ཟེར།

རིག་རྩལ་ནི་དུས་རབས་མདུན་སྐྱོད་ཀྱི་དུང་བརྡ་ཡིན་པ་དང་། རིག་རྩལ་བྱ་བ་སྒྲུབ་མཁན་ནི་བླ་སྲོག་གི་བཟོ་བཀོད་པ་ལྟ་བུ་ཡིན། རྒྱ་ཆེའི་གློག་བརྙན་འཕྲིན་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་བསྟན་དོན། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་འཛིན་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཁྲིད་སྟོན་དུ་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བརྩམས་ཆོས་བཟང་བོ་སྔར་ལས་མང་པོ་སྤེལ་རྒྱུ་ཡིན།