ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་པའི་འདྲི་གཅོད་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར།
2025.07.15 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

དུས་རབས་གསར་པའི་འདྲི་གཅོད་བྱ་བར་ཤུགས་སྣོན་དང་། དྲང་གཞག་དང་ཕན་འབྲས་མཐོ་ལ་དབང་ཟིལ་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་ཆེད། ཉེ་ལམ་ཀྲུང་གུང་ཀྲུང་དབྱང་གིས《དུས་རབས་གསར་པའི་འདྲི་གཅོད་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》དཔར་ནས་བཀྲམ། 《བསམ་འཆར་》ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ཡོང་བར་སྐུལ་སྤེལ་དང་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་དེ་འགོ་རྩོམ་ས་དང་རྐང་འཛུགས་སར་བྱས་ནས། ཁྲིམས་འཛིན་དྲང་གཞག་གཟབ་ནན་དང་ཁྲིམས་འཛིན་སྒྲིག་སྲོལ་ལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཉམས་སད་ཐེག་ཐུབ་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཁྲིམས་འཛིན་གྱི་ཞབས་ཞུ་དང་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།

《བསམ་འཆར》ལས་ཏང་གིས་འདྲི་གཅོད་བྱ་བའི་སྣེ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན། གཟབ་ནན་དྲང་བཞག་གི་ཁྲིམས་འཛིན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་འགན་སྲུང་བྱེད་པ། འགལ་བ་དང་རྩོད་གཞི་འགོག་སེལ་བྱེད་པར་ཤུགས་སྣོན་དང་། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། འདྲི་གཅོད་བྱ་བའི་འདེགས་སྐྱོར་དང་འགན་སྲུང་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ལ་ཞིབ་ཕྲའི་བླང་བྱ་བཏོན་ཡོད།