ཏེན་ཞུའེ་ཞང་གིས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་དང་ཀྲུང་ཡོ་ཁོར་ཡུག་དང་གནམ་གཤིས་མཐོ་རིམ་གླེང་མོལ་ཐེངས་དྲུག་པ་མཛད།
2025.07.15 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་པེ་ཅིང་དུ་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་ལི་པེ་ལ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་ཁོར་ཡུག་དང་གནམ་གཤིས་མཐོ་རིམ་གླེང་མོལ་ཐེངས་དྲུག་པ་མཛད།

ཏེན་ཞུའེ་ཞང་གིས་ད་ལོའི་ཟླ5པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པ་དང་ཀྲུང་གོ་དང་ཡོ་རོབ་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་ཤིས་འཕྲིན་སྤྲིངས་ཏེ། ཀྲུང་གོ་དང་ཡོ་རོབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཁ་ཕྱོགས་གསལ་སྟོན་གནང་། ང་ཚོས་ཕྱོགས་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཁོར་ཡུག་དང་གནམ་གཤིས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས།  ཀྲུང་གོ་དང་ཡོ་རོབ།  གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་ཆེད་དུ་བྱས་རྗེས་དེ་ལས་ཆེ་བ་འབུལ་དགོས་པར་བསྟན།

ཏེན་ཞུའེ་ཞང་གིས་ཀྲུང་གོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏོད་པའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། དངོས་གཉེར་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་དང་ལག་བསྟར་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱས་པར་གྲུབ་འབྲས་མངོན་གསལ་བླངས་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བྱེད་ཐབས་ནུས་ལྡན་སྤྱད་དེ་གོ་ལ་ཧྲིལ་པོའི་ཁོར་ཡུག་གནམ་གཤིས་བཅོས་སྐྱོང་ཁྲོད་ཞུགས་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་མཐོ་རིམ་གླེང་མོལ་དང་བརྗེ་རེས་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་གི་ངོས་འཛིན་དེ་ལས་མང་པོ་གྲུབ་པ་དང་ལྗང་མདོག་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་འདོད་ཡོད། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་དང་། ནུས་ཁུངས་དང་འཁོར་རྒྱུག་དཔལ་འབྱོར་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས། མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཕན་ཚུན་གཞོགས་འདེགས་རྒྱུན་འཁྱོངས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་སྔར་ལས་མངོན་པར་བྱས་ཏེ། གཞུང་དྲང་ལུགས་མཐུན་དང་མཉམ་ལས་མཉམ་རྒྱལ་གྱི་གོ་ལ་ཧྲིལ་པོའི་ཁོར་ཡུག་གནམ་གཤིས་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པ་བསྟན།

ལི་པེ་ལ་ཡིས་ཡོ་རོབ་མནའ་འབྲེལ་གྱིས་ཡོ་རོབ་དང་ཀྲུང་གོའི་བར་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བ་གོ་སྐབས་སུ་བཟུང་སྟེ། ཀྲུང་གོའི་ཕྱོགས་དང་ད་ཡོད་ཀྱི་མཉམ་ལས་སྔར་ལས་སྲ་བརྟན་དུ་བཏང་ནས། མཉམ་ལས་ཀྱི་གོ་སྐབས་གསར་པ་དེ་ལས་མང་པོ་འབད་པས་འཚོལ་ཞིབ་བྱས་ཏེ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། 《ཕ་རི་སིའི་ཆོད་ཡིག》ལག་བསྟར་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་དང་མཉམ་དུ་ཁོར་ཡུག་དང་གནམ་གཤིས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་བའི་དགེ་མཚན་ལྡན་པའི་བརྡ་རྟགས་བརྒྱུད་སྤྲོད་བྱེད་འདོད་ཡོད་པར་བསྟན།

གླེང་མོལ་ཚོགས་འདུ་ལས། ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མཉམ་དུ་གནམ་གཤིས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གྲོས་དོན་ལ་དམིགས་ནས། མཐོ་རིམ་གླེང་མོལ་ཐེངས་ལྔ་པ་བྱས་ཚུན་གྱི་མཉམ་ལས་གྲུབ་འབྲས་སྤྱི་སྡོམ་བྱས་ཏེ། གོ་རིམ་རྗེས་མའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུའི་ཐད་བསམ་བློ་བརྗེ་རེས་བྱས།