སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཐེངས་དྲུག་པའི་སྐོར་ཞིབ་བྱ་ཡུལ་ཁྱབ་བསྒྲགས་བྱས།
2025.07.15 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཐེངས་དྲུག་པའི་སྐོར་ཞིབ་མི་འགྱངས་པར་པེ་ཅིང་གྲོང་ཁྱེར་དང་ཐེན་ཅིན་གྲོང་ཁྱེར། ལིའོ་ཉིན་ཞིང་ཆེན། ཧེ་ལུང་ཅང་ཞིང་ཆེན།  ཧྲང་ཧའེ་གྲོང་ཁྱེར།  ཅང་སུའུ་ཞིང་ཆེན།  ཧྥུའུ་ཅན་ཞིང་ཆེན།  ཧྲན་ཏུང་ཞིང་ཆེན།  ཀོང་ཏུང་ཞིང་ཆེན།  ཀོང་ཞིས་ཀྲོང་རིགས་རང་སྐྱོང་ལྗོངས།  ཁྲུང་ཆིན་གྲོང་ཁྱེར།  ཀོས་ཀྲིག་ཞིང་ཆེན།  བོད་རང་སྐྱོང་ལྗོངས།  ཧྲན་ཞིས་ཞིང་ཆེན། མཚོ་སྔོན་ཞིང་ཆེན།  ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སོགས་ཞིང་ཆེན(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར)16ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་ཡིན་པར་མ་ཟད། འབྲེལ་ཡོད་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་སྡེ་ཁག་དང་མཉམ་དུ་ཧྲིན་དབྱང་གྲོང་ཁྱེར་དང་ཏ་ལེན་གྲོང་ཁྱེར།  ཧ་ཨར་པིན་གྲོང་ཁྱེར། ནན་ཅིན་གྲོང་ཁྱེར། ཞ་མིན་གྲོང་ཁྱེར།  ཅི་ནན་གྲོང་ཁྱེར།  ཆིན་ཏའོ་གྲོང་ཁྱེར།  ཀོང་ཀྲིག་གྲོང་ཁྱེར།  ཧྲིན་ཀྲིན་གྲོང་ཁྱེར།  ཞི་ཨན་གྲོང་ཁྱེར་སོགས་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་བཅུ་རུ་མཉམ་འགུལ་སྐོར་ཞིབ་བྱ་རྒྱུ་རེད།