ནུས་ཤུགས་ཡོད་རྒུས་བཅོས་སྒྱུར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད།
2025.08.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

 ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”འཆར་འགོད་ཀྱི་མཇུག་བསྡུ་བའི་ལོ་ཡིན་པ་མ་ཟད། སྔར་ལས་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན། ད་ལོའི་ཚུན་ལ། རྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་དང་དཀའ་ཚེགས་ཆེ་བའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་བརྟན་ལྷིང་ལས་འགན་ལ་ཁ་གཏད་དེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དཀའ་སྤྱད་འབད་བརྩོན་དང་དཀའ་གནད་མཁྲེགས་གཏོར་བྱས་ཏེ། དགེ་མཚན་དང་ཕན་ནུས་སྔར་ལས་ལྡན་པའི་སྤྱི་ཁོག་སྲིད་ཇུས་གང་མགྱོགས་སྒོས་ལག་བསྟར་བྱས་པས། རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་གི་རྣམ་པར་བརྟན་ཐོག་ཡར་འཕེལ་བྱུང་བ་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་བླངས། 

ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུ་བའི་ལོ་ཡིན་པ་མ་ཟད། སྔར་ལས་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་བཅོས་སྒྱུར་བརྟན་བརླིང་དང་ཡུན་རིང་ལ་སྐུལ་འདེད་གཏོང་རྒྱུ་ནི་ད་ལོའི་ལས་འགན་གལ་ཆེན་ཞིག་ཡིན།

ལོ་མགོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི་ལོ་སར་ལྷན་འཛོམས་ཀྱི་སྤྲོ་ཚོགས་སྟེང་འབོད་སྐུལ་བཏང་།

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་རྒྱུར། ང་ཚོའི་དད་མོས་བརྟན་ཞིང་གཡོ་འགུལ་མེད་པ་དང་། འགལ་བ་དང་གནད་དོན་ལ་གདོང་གཏད་ནས་མི་གཡོལ་བ། ཉེན་ཁ་དང་འགྲན་སློང་ལ་གདོང་གཏད་ནས་ཕྱིར་བཤོལ་མ་བྱས་ན་ད་གཟོད་བཅོས་སྒྱུར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཐུབ་ངེས་ཡིན།

བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་གཏོང་བའི་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི། ད་ལོ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཤུགས་རྒྱག་ས་གཙོ་བོ་ཡིན། རྒྱལ་ནང་དུ་རྟོག་ཞིབ་བྱེད་པ་སོགས་གནས་ཡུལ་གལ་ཆེན་དུ“ཁྱོན་ཡོངས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱ་རྒྱུ”ནི་སྤྱི་ཁྱབ་ཧྲུའུ་ཅིས་ཐེངས་མང་པོར་གསུང་མྱོང་བའི་ཚིག་ཅིག་ཡིན།

ད་ལོའི་ལོ་འགོར་བྱང་ཤར་ས་ཁུལ་དུ་ཐེངས་གཉིས་ལ་སྐྱོད་དེ། སྤྱི་ཁྱབ་ཧྲུའུ་ཅིས“བྱང་ཤར་ཕྱོགས་ཡོངས་དར་སྤེལ་གཏོང་རྒྱུ་དེ་མཐར་གཏུགས་ནས་བཤད་ན་བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་དགོས་པར་ནན་གྱིས་བསྟན། ཟླ3པར་ཀོས་ཀྲིག་ཏུ་རྟོག་ཞིབ་མཛད་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཁྱོན་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ཁྱོན་ཡོངས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱ་རྒྱུ་སྒུལ་ཤུགས་བྱེད་དགོས་པ་ནན་གྱིས་བསྟན། ཡུན་ནན་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། “སྒོ་འབྱེད་སྟེགས་བུ་སྣ་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་གནས་གསར་པར་འགྱུར་བར་བྱེད་དགོས”ཞེས་ནན་གྱིས་བསྟན།

ཟླ7པར། ཧྲན་ཞི་རུ་སྤྱི་ཁྱབ་ཧྲུའུ་ཅིས་བསྟན་དོན། རྒྱལ་ཁབ་ཀྱི་ཐོན་ཁུངས་རྣམ་པའི་དཔལ་འབྱོར་གྱི་ཚུལ་སྒྱུར་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཧྲན་ཞི་ལ་སྤྲད་པའི་འཐབ་ཇུས་ཀྱི་ལས་འགན་ཞིག་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་གཏན་ཤུགས་རྒྱུན་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་དང་གོ་རིམ་ལྡན་པར་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ད་ལོའི་ཟླ4པར། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཧྲང་ཧའེ་རུ་མགོ་འཛིན་མཛད་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་ཅིག་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་དང་ཁུལ་བདུན་གྱི་གྲོང་ཁྱེར་ཏང་ཨུའི་གཏམ་བཤད་ལ་ཉན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འཆར་འགོད་བཟོས་ཏེ། ངེས་པར་དུ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དུས་རིམ་རང་བཞིན་གྱི་བླང་བྱ་དམ་འཛིན་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་འཆར་འགོད་བྱེད་པར་བཀོད་སྒྲིག་གལ་ཆེན་དང་མཛུབ་ཁྲིད་ནུས་ལྡན་གནང་།

ཟླ5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་བཟོ་བར་མཛུབ་སྟོན་གལ་ཆེན་གནང་སྟེ། ཚན་རིག་དང་མཐུན་པའི་ཐབས་ཇུས་དང་། དམངས་གཙོའི་ཇུས་ཆོད། ཁྲིམས་བསྟར་ཇུས་ཆོད་བཅས་རྒྱུན་འཁྱོངས་བྱས་ཏེ། རྩེ་རིམ་ཇུས་འགོད་དང་མི་དམངས་ཀྱི་ཁེ་ཕན་གཉིས་གཅིག་གྱུར་སྒོས་སྤུས་ཚད་མཐོ་བའི་སྒོ་ནས་འཆར་འགོད་བཟོ་བའི་བྱ་བ་ལེགས་འགྲུབ་བྱུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། འཆར་འགོད་ཀྱི་གྲོས་གཞི་ཐོག་མར་འབྲི་བའི་བཀོད་སྒྲིག་གཞིར་བཟུང་ནས། འབྲེལ་ཡོད་ཕྱོགས་ཀྱི་ཕྱོགས་མང་པོ་ནས་ལས་བྱེད་པ་དང་མང་ཚོགས། ཆེད་མཁས་པ་སོགས་ཀྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འཆར་འགོད་བཟོ་བའི་བསམ་འཆར་དང་བསམ་ཚུལ་བསྡུ་ལེན་བྱས་ཏེ། མང་ཚོགས་ཀྱི་སེམས་འདུན་གཅིག་ཏུ་བསྡུས།

"ཆིང་ཧྭ་སློབ་ཆེན་ཀྲུང་གོའི་འཕེལ་རྒྱས་འཆར་འགོད་ཞིབ་འཇུག་ཁང་གི་རྒྱུན་ལས་འགོ་གཙོ་གཞོན་པ་ཏུང་ཡུས་ཀྱིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཀྱི་གནད་འགག་གི་དུས་སྐབས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འཆར་འགོད་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་བཟོ་བའི་གཞི་རྩའི་བརྩི་སྲུང་ཡིན། ལོ་ལྔའི་འཆར་འགོད་གསར་པ་ནི་ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་ལུགས་ཁྲོད་ཧ་ཅང་གལ་ཆེ་བའི་གཞི་འཛིན་ས་ཞིག་ཏུ་འགྱུར་སྲིད། ལོ་ལྔའི་འཆར་འགོད་མུ་མཐུད་དུ་ལག་ཏུ་བསྟར་བ་བརྒྱུད། ང་ཚོའི་ཡུན་རིང་གི་དམིགས་འབེན་མུ་མཐུད་དུ་དོན་འཁྱོལ་བྱེད་ཐུབ།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་འོག ཀྲུང་གོ་མི་དམངས་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལྷག་གིས་ཡིད་ཆེས་བརྟན་པོ་དང་རེ་བ་ཆེན་པོས་གསར་གཏོད་ཡར་བརྩོན་དང་བློ་བརྟན་འགྱུར་མེད་ཀྱིས་འབད་འཐབ་བྱས་ཏེ། ཐུན་མོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྱི་ལེའུ་གསར་པ་འབྲི་བཞིན་ཡོད།

ཟླ7པར། ལོ་བཅུ་སོང་རྗེས་ཏང་ཀྲུང་དབྱང་གིས་སླར་ཡང་ཀྲུང་དབྱང་གི་གྲོང་ཁྱེར་བྱ་བའི་ཚོགས་འདུ་བསྡུས། ཐེངས་འདིའི་ཚོགས་འདུའི་ཐོག་དུས་རབས་གསར་པ་དང་སྐྱོད་ལམ་གསར་བར་གྲོང་ཁྱེར་བྱ་བ་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱ་དང་། རྩ་དོན་གལ་ཆེན། གཙོ་གནད་ལས་འགན་བཅས་གསལ་བོར་བཏོན། སྤྱི་ཁྱབ་ཧྲུའུ་ཅིས་ཚོགས་འདུའི་ཐོག་བསྟན་དོན། ལོ་རྒྱུས་སྤྱིའི་གནས་བབ་ལ་གཞིགས་ནས་ད་ལྟ་སྒྲུབ་བཞིན་པའི་བྱ་བ་ཁོང་དུ་ཆུད་པ་དང་ང་ཚོའི་དམིགས་ཡུལ་གཏན་འབེབས་བྱས་པ་མིན་ཚེ། ད་ལྟའི་བྱ་བ་ལེགས་པར་བསྒྲུབ་མི་ཐུབ།

ཟླ7པའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ནས། ད་ལོའི་ཟླ10པར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོག་རྒྱུའི་གྲོས་ཐག་བཅད། གྲོས་རིམ་གཙོ་བོ་ནི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བྱ་བའི་སྙན་ཞུ་བྱ་རྒྱུ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞིར་ཞིབ་འཇུག་བྱ་རྒྱུ་རེད།

1953ལོ་ནས་བཟུང་། རང་རྒྱལ་གྱིས་ལོ་ལྔའི་འཆར་འགོད14སྒྲིག་བཟོ་དང་ལག་བསྟར་བྱས་ནས་འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཀྱི་ངོ་མཚར་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་གི་ངོ་མཚར་བསྐྲུན་ཡོད།

ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི་ཇུས་འགོད་བྱེད་པའི་ལོ་ཡང་ཡིན། ལོ་རྒྱུས་ཀྱི་གནས་བབ་འདིར་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཆར་འགོད་ཀྱི་དམིགས་འབེན་ལས་འགན་དོན་འཁྱོལ་གང་མགྱོགས་བྱེད་པ་དང་ཆབས་ཅིག ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་འགོད་ཡག་པོ་བྱེད་དགོས།

ད་ལོ་ནས་བཟུང་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་གལ་ཆེ་བའི་སྲིད་དོན་གྱི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་སྤུས་ཚད་མཐོན་པོས་ལེགས་འགྲུབ་ཡོང་བར་སྐུལ་འདེད་བཏང་སྟེ། “ལོ་ལྔའི་འཆར་འགོད་བཅོ་ལྔ”པ་འགོ་ཡག་པོ་རྩོམ་པར་རྨང་གཞི་བརྟན་པོ་བཏིང་།

ལོ་ལྔའི་འཆར་འགོད་བཅོ་ལྔ་པ་བཟོ་འགོད་དང་ལག་བསྟར་བྱ་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བར་དོན་སྙིང་གལ་ཆེན་ལྡན།

ད་ལོའི་ཟླ4པར། སྤྱི་ཁྱབ་ཧྲུའུ་ཅིས་ཧྲང་ཧའེ་རུ་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་ཅིག་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བདུན་གྱི་ཏང་ཨུའི་ཧྲུའུ་ཅིའི་གཏམ་བཤད་ལ་གསན་རྗེས། སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཇུས་འགོད་བྱས་ཏེ། ངེས་པར་དུ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དུས་རིམ་རང་བཞིན་གྱི་བླང་བྱ་ཁོང་དུ་ཡང་དག་པར་ཆུད་པ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་དམིགས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྩེ་གཅིག་ཏུ་དམིགས་ནས། ཁྱབ་ཁོངས་རེ་རེ་བཞིན་ལུགས་མཐུན་གྱིས་དམིགས་འབེན་ལས་འགན་གཏན་འབེབས་དང་། བསམ་ཕྱོགས་དང་བྱེད་ཐབས་འདོན་དགོས། སྤྱི་ཁྱབ་ཧྲུའུ་ཅིས་ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་བཀོད་སྒྲིག་གལ་ཆེན་དང་ཁྲིད་སྟོན་ནུས་ལྡན་གནང་།

ཟླ5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་བྱ་བར་མཛུབ་སྟོན་གལ་ཆེན་གནང་སྟེ། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ་དང་། དམངས་གཙོས་ཇུས་ཐག་གཅོད་པ། ཁྲིམས་ལྟར་ཇུས་ཐག་གཅོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། རྩེ་རིམ་ཇུས་འགོད་དང་ཐབས་ཇུས་དམངས་ལ་འདྲི་བ་གཅིག་གྱུར་བྱས་ནས། འཆར་འགོད་སྒྲིག་བཟོའི་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བྱེད་དགོས་པ་ནན་གྱིས་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་འཆར་ཟིན་འགོད་པའི་བྱ་བའི་བཀོད་སྒྲིག་གཞིར་བཟུང་སྟེ། འབྲེལ་ཡོད་ཕྱོགས་ཀྱིས་རྣམ་པ་སྣ་མང་བརྒྱུད་དེ་ལས་བྱེད་མང་ཚོགས་དང་། ཆེད་མཁས་པ་སོགས་ཀྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”བཟོ་འགོད་བྱ་རྒྱུའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་ནས། དམངས་ཀྱི་བློ་གྲོས་དང་དམངས་འདོད་གཅིག་བསྡུས་བྱས་ཏེ། ཡིད་ཆེས་དང་ངོས་འཛིན་གཅིག་མཐུན་གྲུབ་པར་བྱས།

ཆིང་ཧྭ་སློབ་ཆེན་ཀྲུང་གོ་འཕེལ་རྒྱས་འཆར་འགོད་ཞིབ་འཇུག་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཡོན་ཀྲང་གཞོན་པ་ཏུང་ཡུས་ཀྱིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་དུས་སྐབས་ཡིན། འཕེལ་རྒྱས་ཀྱི་འཐབ་ཇུས་དང་འཆར་འགོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་བཟོ་བའི་རྩ་བའི་སྲུང་བྱ་ཡིན། ལོ་ལྔའི་འཆར་འགོད་གསར་པ་བཟོ་རྒྱུ་དེ་རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། ལོ་ལྔའི་འཆར་འགོད་མུ་མཐུད་ལག་བསྟར་བྱས་པ་བརྒྱུད། ང་ཚོའི་ཕུགས་ཀྱི་དམིགས་འབེན་དེ་ལོ་ལྔ་ཚན་རེ་རེ་བཞིན་རྒྱུན་མཐུད་དོན་འཁྱོལ་ཐུབ་པ་བྱུང་ཡོད།

བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ཡིས་སྦྲུལ་གྱིས་ལེ་དབར་སྟོང་ཕྲག་བསྐྱོད་པའི་ངར་ཤུགས་ཀྱིས་ཡིད་ཆེས་བརྟན་པོ་དང་རེ་བས་ཁེངས་བཞིན་ཡོད་ལ། གསར་འབྱེད་ཡར་བརྩོན་དང་ཞུམ་མེད་འབད་འཐབ་བྱས་ཏེ། མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་བརྩམས།