

ས་དེའི་དུས་ཚོད་ཟླ11པའི་ཚེས1ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་ཚོགས་འདུ་ཐེངས་སོ་གཉིས་པའི་མགྲོན་བདག་རྒྱལ་ཁབ་ཀྱི་སྤྲོད་ལེན་ལས་རིམ་དུ་ཞུགས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་སང་ལོའི་ཟླ11པར་ཀོང་ཏུང་ཧྲིན་ཀྲིན་གྲོང་ཁྱེར་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་འཚོག་རྒྱུའི་ཁྱབ་སྒྲོག་གནང་། འདི་ནི་ཞི་ཅིན་ཕིང་དང་ལྷོ་ཁོ་རེ་ཡའི་སྲིད་འཛིན་ལིས་ཙའེ་མིན་གྱིས་སྤྲོད་ལེན་ལས་རིམ་དུ་ཕྱག་འཇུ་གནང་བའི་རྣམ་པ་རེད།
ས་དེའི་དུས་ཚོད་ཟླ11པའི་ཚེས1ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་ཚོགས་འདུ་ཐེངས་སོ་གཉིས་པའི་མགྲོན་བདག་རྒྱལ་ཁབ་ཀྱི་སྤྲོད་ལེན་ལས་རིམ་དུ་ཞུགས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་སང་ལོའི་ཟླ11པར་ཀོང་ཏུང་ཧྲིན་ཀྲིན་གྲོང་ཁྱེར་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་འཚོག་རྒྱུའི་ཁྱབ་སྒྲོག་གནང་།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཆེས་གལ་ཆེ་བའི་དཔལ་འབྱོར་མཉམ་ལས་སྒྲིག་སྲོལ་ཡིན་ཞིང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་གོང་འཕེལ་དང་དར་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཐུན་མོང་སྒྲིག་གཞི་བསྐྲུན་རྒྱུ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཡུན་རིང་གོང་འཕེལ་དང་དར་རྒྱས་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་ལ། ཕྱོགས་སོ་སོའི་ཐུན་མོང་གི་སེམས་འདུན་ཞིག་ཀྱང་རེད། 2026ལོར། ཀྲུང་གོས་ཐེངས་གསུམ་པར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་གོ་སྐབས་དེ་དང་བསྟུན་ནས། ཕྱོགས་སོ་སོ་དང་ལག་གདང་སྦྲེལ་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཐུན་མོང་སྒྲིག་གཞི་བསྐྲུན་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གོང་འཕེལ་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་དང་ཕན་ཚུན་འབྲེལ་མཐུད། གཞི་གྲངས་དཔལ་འབྱོར། མིས་བཟོས་རིག་ནུས་སོགས་ཀྱི་དངོས་གཉེར་མཉམ་ལས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་འཕེལ་རྒྱས་ལ་གསོན་ཤུགས་དང་སྒུལ་ཤུགས་སྔར་ལས་ཆེན་པོ་བསྣན་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཧྲིན་ཀྲིན་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་འགྲམ་དུ་གནས་ཡོད་ཅིང་། ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་རྗེས་ལུས་ཀྱི་ཉ་པའི་གྲོང་ཚོ་ཆུང་ཆུང་ཞིག་ནས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་འཕེལ་རྒྱས་བྱུང་བ་ནི། ཀྲུང་གོ་མི་དམངས་ཀྱིས་གསར་སྐྲུན་བྱས་པའི་འཛམ་གླིང་འཕེལ་རྒྱས་ལོ་རྒྱུས་ཐོག་གི་བྱས་རྗེས་ངོ་མཚར་ཅན་ཞིག་ཡིན་ལ། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཀྱང་ཡིན། ཕྱོགས་སོ་སོ་སང་ལོར་ཧྲིན་ཀྲིན་དུ་ཕེབས་ཏེ། ཐུན་མོང་སྒོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་འཕེལ་རྒྱས་ཇུས་ཆེན་ལ་གྲོས་བསྡུར་བྱས་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བསྐྲུན་པར་རེ་སྒུག་བྱས་ཡོད།
ཚོགས་ཞུགས་དཔལ་འབྱོར་ཚོགས་པའི་འགོ་ཁྲིད་པས་ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི2026ལོའི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་བཞེས་པར་ཧུར་ཐག་གིས་རྒྱབ་སྐྱོར་བྱས་ཤིང་། ཀྲུང་གོའི་ཚོགས་འདུ་གཉེར་སྟངས་ལ་མོས་མཐུན་ཡོད་ཚུལ་བསྟན་པར་མ་ཟད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས“ཀྲུང་གོའི་ལོ”ལེགས་འགྲུབ་ཆེན་པོ་ཡོང་བ་དང་། ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་དར་རྒྱས་གོང་འཕེལ་ལ་བྱས་རྗེས་འཇོག་པར་རེ་སྒུག་བྱས་ཡོད་ཚུལ་བསྟན།