
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཀོང་ཏུང་དུ་རྟོག་ཞིབ་མཛད་སྐབས། ཀོང་ཏུང་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྣེ་ཁྲིད་བྱེད་གནས་དང་། སྔོན་སྐྱོད་ཁུལ། ཚོད་ལྟ་བྱེད་གནས་བཅས་ཡིན་པས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་གཏིང་ཟབ་བྱས་ཏེ། མ་འོངས་པའི་ལོ5ཡི་དམིགས་འབེན་དང་། ལས་འགན། བྱེད་ཐབས་བཅས་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་ནས། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཡུན་རིང་བྱས་རྗེས་བཞག་ནས་ཡུའུ་ཀང་ཨའོ་མཚོ་ཁུག་ཆེན་མོའི་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་ཕན་འབྲས་གསར་པ་མུ་མཐུད་དུ་ལེན་དགོས་པ་ནན་གྱིས་བསྟན།
ཟླ11པའི་ཚེས7ཉིན་ནས་ཚེས8བར། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཧོང་ཁུན་མིང་དང་ཧྲིན་ཀྲང་མིན་ཧྥན་ལི་ཡིས་ཕེབས་རོགས་འོག སྔ་རྗེས་སུ་མེ་ཀྲིག་དང་ཀོང་ཀྲིག་ཏུ་རྟོག་ཞིབ་མཛད།

ཟླ11པའི་ཚེས7ཉིན་ནས་ཚེས8བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་མཛད། པར་འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མེ་ཀྲིག་གྲོང་ཁྱེར་མེ་རྫོང་ཁུལ་ཡན་དབྱང་གྲོང་རྡལ་གྱི་ཡེ་ཅན་དབྱིན་རྗེས་དྲན་ཁང་དུ་ཡེ་ཅན་དབྱིན་འཚོ་བཞུགས་སྐབས་ཀྱི་མཛད་རྗེས་ལ་གཟིགས་བཞིན་པ་རེད།

ཟླ11པའི་ཚེས7ཉིན་ནས་ཚེས8བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་མཛད། པར་འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མེ་ཀྲིག་གྲོང་ཁྱེར་མེ་རྫོང་ཁུལ་ཡན་དབྱང་གྲོང་རྡལ་གྱི་ཡེ་ཅན་དབྱིན་རྗེས་དྲན་ཁང་དུ་ལས་བྱེད་མི་སྣ་དང་བསམ་ཚུལ་བརྗེ་རེས་གནང་བཞིན་པ་རེད།

ཟླ11པའི་ཚེས7ཉིན་ནས་ཚེས8བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་མཛད། པར་འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མེ་ཀྲིག་གྲོང་ཁྱེར་མེ་རྫོང་ཁུལ་ཡན་དབྱང་གྲོང་རྡལ་གྱི་ཡེ་ཅན་དབྱིན་རྗེས་དྲན་ཁང་དུ་ལས་བྱེད་མི་སྣ་དང་བསམ་ཚུལ་བརྗེ་རེས་གནང་བཞིན་པ་རེད།
ཚེས་7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མེ་ཀྲིག་གྲོང་ཁྱེར་མེ་རྫོང་ཁུལ་ཡན་དབྱང་གྲོང་རྡལ་དུ་གནས་པའི་ཡེ་ཅན་དབྱིན་གྱི་རྗེས་དྲན་ཁང་དུ་ཕེབས། ཡེ་ཅན་དབྱིན་རྗེས་དྲན་ཁང་དུ། ཞི་ཅིན་ཕིང་གིས་ཡེ་ཅན་དབྱིན་གྱི་ཟངས་སྐུ་ལ་མེ་ཏོག་གི་ཕྲེང་བ་ཕུལ། དེའི་རྗེས་སུ་ཞི་ཅིན་ཕིང་གིས་ཡེ་ཅན་དབྱིན་གྱི་མཛད་རྗེས་བཤམས་སྟོན་ལ་གཟིགས་ཞིབ་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོར་དེ་རིང་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ཚང་མ་ནི་མའོ་ཙེ་ཏུང་སོགས་གསར་བརྗེ་རྒན་རབས་པས་བླངས་པའི་མཛད་རྗེས་གསོག་འཇོག་བྱས་པའི་རྨང་གཞི་སྟེང་བཙུགས་པ་ཡིན་ལ། ཏང་གི་ལོ་རྒྱུས་སྐོར་གྱི་དྲིལ་སྒྲོག་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པའི་གཏམ་རྒྱུད་ལེགས་པོ་བརྗོད་དེ། རྒྱ་ཆེའི་ལས་བྱེད་མང་ཚོགས་དང་། ལྷག་པར་དུ་གཞོན་ནུ་ལོ་ཆུང་གིས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། དམར་པོའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། དུས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས། ཞི་ཅིན་ཕིང་གིས་ད་དུང་ཡེ་ཅན་དབྱིན་གྱི་བཞུགས་གནས་རྙིང་པར་གཟིགས་ཞིབ་གནང་།

ཟླ11པའི་ཚེས7ཉིན་ནས་ཚེས8བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་མཛད། པར་འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མེ་ཀྲིག་གྲོང་ཁྱེར་མེ་རྫོང་ཁུལ་ཡན་དབྱང་གྲོང་རྡལ་གྱི་ནན་ཧྥུའུ་ཤིང་ཏོག་ཡིའུ་ཙི་འདེབས་འཛུགས་རྟེན་གཞི་རུ་གཟིགས་ཞིབ་གནང་བཞིན་པ་རེད།

ཟླ11པའི་ཚེས7ཉིན་ནས་ཚེས8བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་མཛད། པར་འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མེ་ཀྲིག་གྲོང་ཁྱེར་མེ་རྫོང་ཁུལ་ཡན་དབྱང་གྲོང་རྡལ་གྱི་ནན་ཧྥུའུ་ཤིང་ཏོག་ཡིའུ་ཙི་འདེབས་འཛུགས་རྟེན་གཞི་རུ་གཟིགས་ཞིབ་གནང་བཞིན་པ་རེད།

ཟླ11པའི་ཚེས7ཉིན་ནས་ཚེས8བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་མཛད། པར་འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མེ་ཀྲིག་གྲོང་ཁྱེར་མེ་རྫོང་ཁུལ་ཡན་དབྱང་གྲོང་རྡལ་གྱི་ནན་ཧྥུའུ་ཤིང་ཏོག་ཡིའུ་ཙི་འདེབས་འཛུགས་རྟེན་གཞི་རུ་ཞིང་ལས་ལག་རྩལ་པ་དང་བསམ་ཚུལ་བརྗེ་རེས་གནང་བཞིན་པ།
ཤིང་ཏོག་ཡིའུ་ཙི་ནི་མེ་ཀྲིག་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཡིན། ལོ་ཏོག་བསྡུ་བའི་དུས་ཚིགས་སུ་ཤིང་ཏོག་ཡིའུ་ཙི་གླིང་དུ་འབྲས་བུ་སྨིན་ཞིང་། ཞི་ཅིན་ཕིང་ཡན་དབྱང་གྲོང་རྡལ་ནན་ཧྥུའུ་ཤིང་ཏོག་ཡིའུ་ཙི་འདེབས་འཛུགས་རྟེན་གཞིར་ཕེབས་ཏེ། འགྲེམ་སྟོན་ཚོམས་ཆེན་དུ་ཀོང་ཏུང་གིས་གསར་བརྗེའི་གནས་རྙིང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་སྙན་ཞུར་གསན་པ་དང་། ཡིའུ་ཙི་དང་དེའི་ལས་སྣོན་ཐོན་རྫས། རིག་གནས་གསར་གཏོད་ཐོན་རྫས་ལ་གཟིགས་ཞིབ་གནང་། ཞི་ཅིན་ཕིང་སིལ་ར་རུ་ཕེབས་ནས་ཞིང་པ་དང་ཞིང་ལས་ལག་རྩལ་པ་དང་བརྩེ་བས་གླེང་མོལ་མཛད། ད་ལོ་ཡིའུ་ཙི་ལ་ལོ་ལེགས་བྱུང་བ་དང་ཚོང་ལམ་ཕྱེ་ཡོད་པ་ཐོས་རྗེས་ཞི་ཅིན་ཕིང་དགའ་སྤྲོ་ཆེན་པོ་སྐྱེ་བྱུང་། ཁོང་གིས་བསྟན་དོན། ཞིང་སྡེའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་རྨང་གཞི་ཡིན་ལ། ཚན་རྩལ་བཀོལ་སྤྱོད་ལ་ཤུགས་བསྣན་ནས་གྲོང་གསེབ་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། ཐོན་ལས་ཕྲེང་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་དང་ཟུར་སྣོན་རིན་ཐང་ཇེ་མང་དུ་བཏང་ནས། ཞིང་པ་མང་ཚོགས་སྔར་ལས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས།

ཟླ11པའི་ཚེས7ཉིན་ནས་ཚེས8བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་མཛད། པར་འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མེ་ཀྲིག་གྲོང་ཁྱེར་མེ་རྫོང་ཁུལ་ཡན་དབྱང་གྲོང་རྡལ་གྱི་ནན་ཧྥུའུ་ཤིང་ཏོག་ཡིའུ་ཙི་འདེབས་འཛུགས་རྟེན་གཞི་རུ་སྡེ་དམངས་རྣམས་དང་བརྩེ་བའི་གླེང་མོལ་གནང་བཞིན་པ།
གནས་དེ་དང་ཁ་འབྲལ་སྐབས། ཞི་ཅིན་ཕིང་གིས་སྡེ་མི་ཚོར་བརྩེ་བའི་ངང་ཞལ་གྱེས་ཞུས། ཁོང་གིས་ཏང་དང་སྲིད་གཞུང་གིས་གསར་བརྗེའི་གནས་རྙིང་ས་ཁུལ་ལ་སྲིད་ཇུས་ཀྱི་རོགས་སྐྱོར་བྱ་རྒྱུར་མུ་མཐུད་དུ་ཤུགས་བསྣན་ནས། གསར་བརྗེའི་གནས་རྙིང་ཁུལ་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱེད་དགོས། ཁོང་གིས་ཡུལ་མི་ཚོའི་འཚོ་བ་ཡིའུ་ཙི་དང་འདྲ་བར་མངར་ཞིང་མཛེས་པ་ཞིག་ཡོང་བའི་སྨོན་འདུན་ཞུས།

ཟླ11པའི་ཚེས7ཉིན་ནས་ཚེས8བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་མཛད། པར་འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀོང་ཀྲིག་ནས་ཀོང་ཏུང་གི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།

ཟླ11པའི་ཚེས7ཉིན་ནས་ཚེས8བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་མཛད། པར་འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀོང་ཀྲིག་ནས་ཀོང་ཏུང་གི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།
ཚེས8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཀོང་ཀྲིག་ནས་ཀོང་ཏུང་གི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་། དེའི་རྗེས་སུ། ཀོང་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན། ཁོང་གིས་ཀོང་ཏུང་གི་ཕྱོགས་སོ་སོ་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། རྗེས་ཕྱོགས་ཀྱི་བྱ་བར་བླང་བྱ་བཏོན།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་བཅས་བྱ་རྒྱུ་ནི་ད་ལྟ་དང་དེང་ཕྱིན་གྱི་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། རིམ་པ་མང་བ་དང་ཐབས་ལམ་མང་པོར་བརྟེན་ནས་སྒྲོག་བཤད་དང་གསོ་སྦྱོང་སྤེལ་ཏེ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ་བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ནས། ཐུན་མོང་གི་ངོས་འཛིན་སྔར་བས་ཇེ་ཟབ་ཏུ་གཏོང་བ་དང་། ཡིད་ཆེས་སྔར་བས་ཆེ་རུ་གཏོང་བ། ངར་ཤུགས་སྣོན་པ་བཅས་བྱེད་དགོས། ཏང་ཀྲུང་དབྱང་གི་དགོངས་དོན་ཁོང་དུ་ཆུད་པར་བྱས་ཏེ། ལས་བྱེད་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་དོགས་གནད་སེལ་དགོས། ཀོང་ཏུང་ནི་དཔལ་འབྱོར་གྱི་ཞིང་ཆེན་ཆེན་པོ་དང་དར་རྒྱས་ཆེ་བའི་ས་ཁུལ་ཡིན་པའི་ཆ་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”སྒྲིག་བཟོ་བྱེད་སྐབས་ལངས་གནས་མཐོ་བ་དང་བཀོད་པ་ཆེན་པོ་ཡོད་དགོས་ཤིང་། སྔོན་ལ་སྐྱོད་པ་དང་དཔེ་སྟོན་བྱེད་པ། འགན་གཙོ་བོ་འཁུར་བ་བཅས་ཀྱི་འགན་འཁྲི་འཁུར་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀོང་ཏུང་གིས་དགེ་མཚན་གསར་པ་བཏོད་པ་དང་ཐོད་བརྒལ་གསར་པ་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་བཅོས་སྒྱུར་སྒོ་འབྱེད་ཀྱི་སྙིང་སྟོབས་དང་དམིགས་བསལ་ཁུལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཕན་ནུས་ལྡན་པའི་ཁྲོམ་ར་དང་སྲིད་གཞུང་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་བཟང་ཆ་གསབ་རེས་དང་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཤུགས་བསྣན་ཏེ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་དགོས། ས་ཁུལ་སོ་སོ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་འཐུས་ཚང་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་སོགས་བརྒྱུད་ནས། ཏན་ཏིག་སྒོས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་དགོས། ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་ཇེ་ཆེར་གཏོང་བ་དང་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་འཐབ་ཇུས་ནུས་པ་ཇེ་མཐོར་གཏོང་བ་སོགས་གཏིང་ཟབ་སྒོས་ལག་བསྟར་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱེད་དགོས། མུ་མཐུད་དུ་ནང་ཁུལ་ལ་སྒོ་འབྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་རང་ས་གནས་ཀྱི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པ་མ་ཟད་དབུས་ནུབ་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱང་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཡུའུ་ཀང་ཨའོ་མཚོ་ཁུག་ཆེན་མོ་འཛུགས་སྐྲུན་བྱེད་པར། ཀོང་ཏུང་གི་ངོས་ནས་བཤད་ན་འགན་འཁྲི་གལ་ཆེན་ཞིག་ཡིན་ལ་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་ཀྱང་ཡིན་པས། གསོན་ཤུགས་ལྡན་པ་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་མཚོ་ཁུག་རྩེ་གྲ་དང་འཛམ་གླིང་རིམ་པའི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཏན་འཁེལ་བྱ་དགོས་ལ། ཕྱར་བ་གྲུ་འདེགས་དང་ཏན་ཏན་ཏིག་ཏིག་གིས་ལས་དོན་བསྒྲུབ་ནས་གཙོ་གནད་འགག་སྒྲོལ་དང་ཕྱོགས་ཐམས་ཅད་ནས་བྱ་བ་ཧུར་ཐག་གིས་བསྒྲུབ་དགོས། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རྩལ་གསར་གཏོད་མཉམ་ལས་དང་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་བྱེད་ཤུགས་ཇེ་ཆེར་གཏོང་དགོས། སྒྲིག་སྲོལ་དང་རྐྱེན་སྲོལ་སྦྲེལ་མཐུད་ཡོང་བར་བྱེད་དགོས་ཤིང་། ཁྲིམས་འཛུགས་དང་ཁྲིམས་བསྟར། ཁྲིམས་འཛིན་བཅས་ཀྱི་རིམ་པ་སོ་སོའི་བརྒྱུད་རིམ་ཧྲིལ་པོའི་མཉམ་ལས་ལ་ཤུགས་སྣོན་དགོས། ནུས་ལྡན་སྒོས་ཚོང་ར་གཞི་གཅིག་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས། གནས་སྡོད་དང་ལས་གཉེར། ཡུལ་སྐོར་བཅས་ལ་འཚམ་པའི་སྤུས་ལེགས་ཀྱི་འཚོ་བའི་ཁུལ་བསྐྲུན་ནས་ཞང་ཀང་དང་ཨའོ་མོན་གྱིས་སྔར་ལས་ལེགས་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་གསེས་དང་ཞབས་འདེགས་ཞུ་བར་རྒྱབ་སྐྱོར་བྱེད་དགོས། ཀོང་ཏུང་གིས་གཙོ་ཤུགས་དམག་དང་གཙོ་ཁྲིད་ཀྱི་ནུས་པ་འདོན་དགོས། ཕྱོགས་སོ་སོས་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན། གསར་གཏོད་རང་བཞིན་བེད་སྤྱོད་གང་ལེགས་བྱས་ནས། རྒྱ་ཆེའི་ཁེ་ལས་དང་། ཆེད་ལས་ཞབས་ཞུའི་ལས་ཁུངས། མཐོ་རིམ་སློབ་གྲྭ། ཚན་རིག་ཞིབ་འཇུག་ལས་ཁུངས། ཤེས་ལྡན་མི་སྣ་བཅས་ཀྱི་ནུས་པ་འདོན་སྤེལ་བྱ་དགོས།
ཞི་ཅིན་ཕིང་གིས་ཀོང་ཏུང་གི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ལས་བྱེད་པ་ཞེས་པའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་འདི་དམ་འཛིན་བྱས་ཏེ། འགོ་ཁྲིད་དཔུང་སྡེ་ལེགས་པོ་འདེམས་པ་དང་ཏང་གཤིས་བཟང་ཞིང་མཐོང་རྒྱ་ཡངས་པ། གསར་གཏོད་བྱེད་མཁས་པ། དམ་པ་དོན་གཉེར་ཡིན་པའི་ལས་བྱེད་དཔུང་སྡེ་ཞིག་འཛུགས་སྐྱོང་བྱེད་དགོས། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ་དབང་ཆ་འཁོར་སྐྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་གྲུབ་པར་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལྟ་ནས་ལོ་མཇུག་བར་དུ་ད་དུང་ཟླ་བ་གཅིག་ལྷག་གི་དུས་ཚོད་ཡོད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གནད་འཁེལ་དོན་འཁྱོལ་བྱས་ནས་ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་བྱེད་དགོས། དམངས་ཕན་སྲིད་ཇུས་སོ་སོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་དང་བརྟན་བརླིང་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ནས་ཧུར་ཐག་གིས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་འགྲུབ་པར་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་མཉམ་དུ་རྟོག་ཞིབ་མཛད། ཧི་ལི་ཧྥུང་དང་དེ་མིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་བྱས།