ཞི་ཅིན་ཕིང་གིས་མཛད་སྒོ་སྤེལ་ཏེ་ཐེ་ལན་གྱི་རྒྱལ་པོ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།
2025.11.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས14ཉིན་གྱི་སྔ་དྲོར།  མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་མཛད་སྒོ་སྤེལ་ཏེ།  ཐེ་ལན་གྱི་རྒྱལ་པོ་མ་ཧ.ཝ་ཅི་ལ་ལུང་ཀུང་གིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕེང་ལི་ཡོན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།  ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་སོགས་དགའ་བསུའི་མཛད་སྒོར་ཞུགས།

ཝ་ཅི་ལ་ལུང་ཀུང་དང་མཉམ་དུ་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་ལ་ཁོང་གི་བཙུན་མོ་དང་། ཙུང་ལི། ཕྱི་འབྲེལ་པུའུ་ཀྲང་སོགས་ཡོད།

དམག་དཔུང་རོལ་ཆས་རུ་ཁག་གིས་ཐེ་ལན་གྱི་རྒྱལ་གླུ་དང་ཀྲུང་གོའི་རྒྱལ་གླུ་དཀྲོལ། རྟེན་འབྲེལ་མེ་སྒྱོགས་ཉེར་གཅིག་བརྒྱབ།

ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཝ་ཅི་ལ་ལུང་ཀུང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུར་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་རྣམ་འབྱེད་རུ་སྟར་ལ་གཟིགས་ཞིབ་གནང་།

དེའི་རྗེས་དམག་དཔུང་རོལ་ཆའི་རུ་ཁག་གིས་འབུད་དཀྲོལ་འཁྲབ་སྟོན་བྱས།

ཝ་ཅི་ལ་ལུང་ཀུང་ནི་ཞི་ཅིན་ཕིང་གི་གདན་ཞུ་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པ་རེད།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།