
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་གཞི་ལས། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཧུར་ཐག་གིས་ཁ་གཏད་འཇལ་བ་དང་། གཞི་རྩའི་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་ཇེ་ལེགས་སུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏོང་དགོས་པ་བཏོན་ཡོད། ཅང་སུའུ་ལེན་ཡུན་ཀང་ཁེས་ཧྭ་སྡེ་ཁུལ་དུ། ལག་རྩལ་གསར་པ་དང་ཞབས་ཞུ་གསར་པ་ཇེ་མགྱོགས་སུ་སོང་པ་དང་བསྟུན་ནས། རྒན་རྒོན་དེ་བས་མང་བས་སྒོ་འགྲམ་དུ་སྟབས་བདེ་དང་རྒན་གསོའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཡོད།
རུས་པ་ཕྱི་མའི་འཕྲུལ་མི་གོན་ནས་རྡོ་སྐས་སྟེང་ཡར་འགྲོ་ཐུབ་པ་དང་། དྲག་སྐྱེད་འཕྲུལ་མི་བཏགས་ནས་ལྷུ་ཚིགས་ཀྱི་ནུས་པ་སླར་གསོ་བྱས་པ་སོགས་ཅང་སུའུ་ལེན་ཡུན་ཀང་ཁེས་ཧྭ་སྡེ་ཁུལ་དུ་རྒན་རྒོན་ཚོས་གསར་དུ་སླེབས་པའི་རིག་ལྡན་ལུས་གསོ་སྒྲིག་ཆས་དེ་དག་ལ་ཚོད་ལྟ་བྱེད་བཞིན་ཡོད།
ཅང་སུའུ་ཞིང་ཆེན་ལེན་ཡུན་ཀང་གྲོང་ཁྱེར་ཧའེ་ཀྲོའུ་ཆུས་ཁེས་ཧྭ་སྡེ་ཁུལ་གྱི་གྲོང་མི་ཝང་ཐིན་ལན་གྱིས་བཤད་རྒྱུར། འཕྲུལ་མི་ཟེར་བ་ནི་རྐང་བ་འདི་ལ་གོ་བ་རེད།
བཅར་འདྲིའི་སྐབས་སུ་གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། ཁེས་ཧྭ་སྡེ་ཁུལ་དུ། ལོ60ཡན་གྱི་རྒན་རྒོན་གྱིས་རྒན་པ་ཡོངས་ཀྱིས་གསུམ་ཆའི་གཅིག་ལས་བརྒལ་ཡོད་སྟབས། རང་ཁྱིམ་དུ་བསྡད་ནས་རྒན་གསོ་བྱེད་པའི་དགོས་མཁོ་ཧ་ཅང་ཆེ། འོན་ཀྱང་ལོ་ཤས་སྔོན་ལ་སྒྲིག་ཆས་གསར་པ་དེ་དག་ཟེར་བ་ལས་སྡེ་ཁུལ་དུ་ཁོ་ཚོས་བྱ་འགུལ་སྤེལ་སའི་གཏན་འཇགས་ཀྱི་ས་ཁོངས་ཡང་མེད།
རྒྱལ་ཡོངས་ཀྱི་རྒན་པ་དུང་ཕྱུར3ལྷག་ལ་ཉེ་བ་ཞིག་གི་ཁྱིམ་སྡོད་རྒན་གསོའི་དཀའ་གནད་ལ་དམིགས་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”སྐབས་སུ། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་གཞི་རྩའི་རྒན་གསོའི་ཞབས་ཞུའི་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་རིམ་པ་གསུམ་པའི་རྒན་གསོའི་ཞབས་ཞུའི་མ་ལག་གང་མགྱོགས་སྒོས་བཙུགས་ཡོད། རྒྱལ་ཡོངས་སུ་དཔེ་སྟོན་རང་བཞིན་གྱི་རྒན་རྒོན་ལ་བརྩེ་བའི་སྡེ་ཁུལ2990དང་དཔེ་སྟོན་རང་བཞིན་གྱི་སྡེ་ཁུལ500ཡི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་དྲ་རྒྱ་བསྐྲུན་ཡོད་ལ། རྒན་གསོའི་ལས་ཁུངས་དང་སྒྲིག་བཀོད་འབུམ་བཞི་དང་སྟོང་དྲུག་ལ་སླེབས་ཤིང་། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ཁྱིམ་ཚང་ས་ཡ་གཉིས་དང་འབུམ་གཉིས་ཁྲི་བཞི་ལ་རྒན་རྒོན་དང་འཚམ་པའི་སྒྱུར་བཀོད་བྱས་པ་དང་། རང་འདེམས་ཟ་ཁང་ཁྲི་བརྒྱད་དང་སྟོང་དྲུག་གིས་ཉིན་རེར་རྒན་པ་ས་ཡ་གསུམ་ལྷག་ལ་ཞབས་འདེགས་ཞུ་བཞིན་ཡོད།
སྲིད་ཇུས་མི་འདྲ་བའི་རྒྱབ་སྐྱོར་འོག ཁེས་ཧྭ་སྡེ་ཁུལ་གྱིས་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་800ཡོད་པའི་རྒན་རྒོན་དང་བྱིས་པར་ལྟ་སྐྱོང་བྱེད་སའི་ལྟེ་གནས་ཤིག་བཙུགས་ཡོད་ལ། དེར་སྡེ་ཁུལ་གྱི་ཟ་ཁང་དང་།ཁམས་གསོའི་གསོ་བཅོས། རིག་གནས་ལུས་རྩལ་བཅས་ཀྱི་བྱེད་སྒོ་ཚང་མ་འཛོམས་ཡོད། སྡེ་ཁུལ་གྱིས་ད་དུང་ལོ་ན་མཐོ་བ་དང་དབང་པོ་སྐྱོན་ཅན་གྱི་རྒན་རྒོན་གྱི་ཁྱིམ་དུ་རྐུབ་སྟེགས་འཁོར་ལོ་ཅན་དང་ནད་གསོ་མལ་ཁྲི་བཀོད་སྒྲིག་བྱས་ཡོད་ལ། དུ་སྨུག་ཚོར་ཆས་དང་འགྱེལ་འགོག་ཉེན་བརྡ་གཏོང་ཆས་སོགས་རིག་ནུས་ཁྱིམ་སྡོད་སྒྲིག་ཆས་ཀྱང་བཀོད་སྒྲིག་བྱས་ཡོད།
ཅང་སུའུ་ཞིང་ཆེན་ལེན་ཡུན་ཀང་གྲོང་ཁྱེར་ཧའེ་ཀྲོའུ་ཆུས་ཁེས་ཧྭ་སྡེ་ཁུལ་གྱི་གྲོང་མི་ཀྲང་པོ་ཡིས་བཤད་རྒྱུར། ལོ་ལྔ་པོའི་རིང་ང་ཚོ་རྒན་རྒོན་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྒོར་བརྒྱད་བཅུ་ནས་བརྒྱ་བཀོལ་ཚེ་རིག་ནུས་ཆབ་གཞོང་ཞིག་འཇོག་ཐུབ། ད་རུང་སུམ་ཅུ་ཉི་ཤུ་ལྷག་བཀོལ་ན། མལ་ཁྲིའི་མགོ་ལ་རིག་ནུས་གློག་སྒྲོན་ཞིག་འཇོག་ཐུབ། གསང་སྤྱོད་ཁང་གི་གྱང་ངོས་སུ་ལག་པ་འཇུ་ས་སྤྲོད་ཐུབ། འདི་ནི་རྒྱལ་ཁབ་ཀྱིས་གནང་བའི་རོགས་སྐྱོར་ཡིན། བྱ་བ་གང་ཞིག་སྒྲུབ་ཀྱང་དོན་དག་ཆེ་ཆུང་མེད་པར་ཞིབ་ཚགས་ཡིན་སྟབས། ང་ཚོས་ཧ་ཅང་བདེ་སྐྱིད་ལྡན་པ་ཚོར་བྱུང་།
ཅང་སུའུ་ཞིང་ཆེན་ལེན་ཡུན་ཀང་གྲོང་ཁྱེར་ཧའེ་ཀྲོའུ་ཆུས་ཁེས་ཧྭ་སྡེ་ཁུལ་གྱི་གྲོང་མི་ཡིའུ་ཞིན་རུང་གིས་བཤད་རྒྱུར། སྤྲོ་སྣང་ཅན་གྱི་བྱ་འགུལ་སྣ་ཚོགས་ཀྱང་ང་ཚོའི་སྒོ་འགྲམ་དུ་སྤེལ་བཞིན་ཡོད། གསར་དུ་བཙུགས་པའི་ལུས་རྩལ་ཁང་གི་སྒྲིག་ཆས་ཧ་ཅང་སྔོན་ཐོན་ཡིན་པས་དེའི་ནང་དུ་ལུས་རྩལ་རྣམ་གྲངས་སྣ་ཚོགས་ཞིག་འདུས་ཡོད། ང་ཚོ་རྒན་རྒོན་ཚོར་མཚོན་ན་བསམ་པའི་སྟེང་དང་དངོས་པོའི་སྟེང་ནས་ཡིད་ཚིམ་ཡོད་ཟེར།
མིག་སྔར། རིག་ནུས་འབོད་བརྡའི་མ་ལག་དང་རྒན་གསོ་འཕྲུལ་མི་སོགས་ལག་རྩལ་གསར་པ་སྤྱིར་བཏང་ཁྱིམ་ཚང་གི་འཚོ་བའི་ཁྲོད་མྱུར་མོར་བཀོད་སྒྲིག་བྱས་པ་དང་ཆབས་ཅིག ཆེད་ལས་ཤེས་ལྡན་མི་སྣ་དེ་བས་མང་པོ་ཞིག་རྒན་པའི་དཔལ་འབྱོར་ཁྲོད་ཞུགས་ཡོད་དེ། མ་འོངས་རྒན་གསོའི་འཚོ་བའི་སྐོར་གླེང་སྐབས་ཚང་མས་དེ་ལ་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད།
ཅང་སུའུ་ཞིང་ཆེན་ལེན་ཡུན་ཀང་གྲོང་ཁྱེར་ཧའེ་ཀྲོའུ་ཆུས་ཁེས་ཧྭ་སྡེ་ཁུལ་གྱི་གྲོང་མི་ཀྲང་ཅུན་ཕིན་གྱིས་བཤད་རྒྱུར།“ལོ་ལྔའི་འཆར་འགོད་བཅོ་ལྔ་”ཡི་རིང་ལ། ང་ཚོའི་འདི་གར་ཆ་འཕྲིན་ཅན་དགོས་ལ། ཚན་རྩལ་མཐོ་གྲས་དགོས། ད་ལྟ་ཉིན་རྒྱུན་དུ་གཞི་གྲངས་ཆེན་པོའི་དུས་རབས་བཤད་ཀྱིན་ཡོད་པས། ང་ཚོའི་སྡེ་ཁུལ་སྔར་ལས་ལེགས་པར་བསྐྲུན་ངེས།
ཅང་སུའུ་ཞིང་ཆེན་ལེན་ཡུན་ཀང་གྲོང་ཁྱེར་ཧའེ་ཀྲོའུ་ཆུས་ཁེས་ཧྭ་སྡེ་ཁུལ་གྱི་ཁྱིམ་མཚེས་ལྟེ་གནས་ཀྱི་འགན་འཁུར་པ་ཧན་ཧྥེ་ཧྥེ་ཡིས་བཤད་རྒྱུར། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་སྐབས་སུ། སྔར་ལས་མང་བའི་ཆེད་ལས་ཀྱི་རྒན་གསོ་ནད་གཡོག་པ་དང་། བུ་རྫི། ད་དུང་འཚོ་བཅུད་ཆེད་ལས་པ་སོགས་ཀྱི་དཔུང་སྡེ་ང་ཚོའི་གྲས་སུ་ཞུགས་ཏེ། རྒན་རྒོན་རྣམས་ལ་སྔར་ལས་གཉོར་སྐྱོང་ལེགས་པོ་བྱེད་ཐུབ།