འཛམ་གླིང་ལྷོ་ཕྱོགས་དེང་རབས་ཅན་གྱི་གླེང་སྟེགས་པེ་ཅིང་དུ་འཚོགས།
2025.11.22 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

འཛམ་གླིང་ལྷོ་ཕྱོགས་དེང་རབས་ཅན་གྱི་གླེང་སྟེགས་ཚེས21ཉིན་པེ་ཅིང་དུ་འཚོགས།

ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་ཀྱིས་བལྟས་ན་དེང་རབས་ཅན་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཡིན་པ་དང་། དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་ནི་འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཐུན་མོང་གི་རེ་འདུན་ཡིན་པར་འདོད་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ལྷོ་ཕྱོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་དེང་རབས་ཅན་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན་ལ། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཏུ་མ་འོངས་པའི་ལོ་ལྔའི་རིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་འཆར་གཞི་བཀོད་དེ། མ་འོངས་པའི་ཀྲུང་གོས་འཛམ་གླིང་ལྷོ་ཕྱོགས་ནང་ཚུད་པའི་འཛམ་གླིང་ཐོག་གི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་སྔར་ལས་མང་བ་བསྐྲུན་ངེས་ཡིན་པ་བསྟན།

ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལས་མངོན་པའི་དེང་རབས་ཅན་གྱི་རྣམ་པ་གསར་པ་དེ་ནི་འཛམ་གླིང་དེང་རབས་ཅན་གྱི་རིགས་གཞུང་དང་ལག་ལེན་ཕྱོགས་གྱི་གསར་གཏོད་གལ་ཆེན་ཞིག་ཡིན་པ་དང་། ཚང་མས་རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། འཛམ་གླིང་ལྷོ་ཕྱོགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་ཀྱི་རིགས་གཞུང་དང་། ལོ་རྒྱུས། དོན་དངོས་བཅས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། འཛམ་གླིང་ལྷོ་ཕྱོགས་ནས་བྱུང་བ་དང་འཛམ་གླིང་ལྷོ་ཕྱོགས་ལ་ཞབས་འདེགས་ཞུ་བའི་དེང་རབས་ཅན་འཛུགས་སྐྲུན་གྱི་ཤེས་བྱའི་མ་ལག་འཛུགས་སྐྲུན་བྱ་དགོས།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།