

ས་དེའི་དུས་ཚོད་ཟླ11པའི་ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཡའེ་ཧན་ནེ་སི་པའོ་རུ་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ལཱ་མཱ་ཧྥུ་སཱ་ལ་མཇལ་འཕྲད་གནང་།
ས་དེའི་དུས་ཚོད་ཟླ11པའི་ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཡའེ་ཧན་ནེ་སི་པའོ་རུ་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ལཱ་མཱ་ཧྥུ་སཱ་ལ་མཇལ་འཕྲད་གནང་།
ལི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ལཱ་མཱ་ཧྥུ་སཱར་མཛའ་བརྩེའི་འཚམས་འདྲི་གནང་བ་བརྒྱུད་སྤྲོད་མཛད་དེ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མས་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མ་དང་སྲོལ་རྒྱུན་གྱི་མཛའ་མཐུན་དར་སྤེལ་བཏང་ནས། ཆབ་སྲིད་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཉོ་འཚོང་དང་དམངས་འཚོ། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས། རྒྱལ་ཁབ་གཉིས་ཀའི་ཐུན་མོང་འཕེལ་རྒྱས་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་མཐུན་སྒྲིལ་མཉམ་ལས་ལ་སྔར་ལས་ལྷག་པར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀས་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ་དང་། འཛམ་གླིང་གི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་བྱས་ནས། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་པ་བསྟན།
ལཱ་མཱ་ཧྥུའུ་སཱ་ཡིས་ལི་ཆང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་སྒྲོག་གནང་རོགས་ཞུས་པ་དང་། ཨ་ཧྥེ་རི་ཁ་ལྷོ་མས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་འཚོང་དང་། ཚན་རྩལ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་མ་ཟད། རྒྱ་ཆེའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་མཉམ་དུ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཨ་ཧྥེ་རི་ཁ་ལྷོ་མས་འཛམ་གླིང་གི་གྲོས་འགོ་ཆེན་པོ་བཞི་ལ་ཚད་མཐོའི་བསྔགས་བརྗོད་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་དམ་ཟབ་བྱེད་འདོད་ཡོད་པ་བསྟན།