
ཟླ11པའི་ཚེས20ནས་ཚེས22ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཧྲན་ཏུང་དང་ཧི་པེ་རུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དཔལ་འབྱོར་གྱི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་ལ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”བདེ་ལེགས་ངང་མཇུག་བསྒྲིལ་བར་ཁག་ཐེག་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་རྒྱུར་རྨང་གཞི་ཡག་པོ་འདིང་དགོས།

ཟླ11པའི་ཚེས20ནས་ཚེས22ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཧྲན་ཏུང་དང་ཧི་པེ་རུ་རྟོག་ཞིབ་གནང་། འདི་ནི་ཟླ11པའི་ཚེས20ཉིན། ཏེན་ཞུའེ་ཞང་ཧྲན་ཏུང་ཅིས་ནན་ཧྥེ་སི་ཐུའོ་རླུང་སྒུལ་ཀུང་སིར་ཕེབས་ཏེ་སྔོན་ཐོན་བཟོ་སྐྲུན་དང་རིག་ནུས་བཟོ་སྐྲུན་ལ་རྟོག་ཞིབ་གནང་བའི་རྣམ་པ་རེད།
ཏེན་ཞུའེ་ཞང་ཅིས་ནན་གྱི་འཁོར་སྟེགས་གཉིས་པའི་སྡེ་ཚོགས་དང་ཧྥེ་སི་ཐུའོ་རླུང་སྒུལ་ཀུང་སིར་ཕེབས་ཏེ་སྔོན་ཐོན་བཟོ་སྐྲུན་དང་རིག་ནུས་བཟོ་སྐྲུན་ལ་རྟོག་ཞིབ་གནང་བ་དང་། ལང་ཁྲའོ་སྡེ་ཚོགས་དང་ཀྲུང་གོའི་རྫ་ཆས་གློག་རྡུལ། ཧྲིས་ཡའོ་སྡེ་ཚོགས་བཅས་སུ་རབས་གསར་པའི་ཆ་འཕྲིན་ལག་རྩལ་གསར་གཏོད་དང་སྐྱེ་དངོས་བཟོ་སྐྲུན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ཁོང་གིས་བསྟན་དོན། སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་རིམ་སྤོར་དང་། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་གསོ་སྐྱོང་བྱེད་པ་ཚང་མ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་བ་ཡིན་པས། ཚང་མས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། སྒུལ་ནུས་གསར་རྙིང་བརྟན་པོའི་ངང་རྒྱུན་མཐུད་བརྗེ་སྒྱུར་ཡོང་བར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་སྤྱོད་བཅས་ཀྱི་མཐུན་སྦྱོར་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་མཉེན་གཤིས་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཁེ་ལས་ཀྱི་འགན་ཁུར་བ་ཁག་ཅིག་གི་བསམ་འཆར་དང་གྲོས་གཞི་ལ་གསན་སྐབས་ཏེན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ཁེ་ལས་ལ་དོ་ཁུར་བྱེད་པ་དང་ཁེ་ལས་ཀྱི་དཀའ་གནད་ཧུར་ཐག་གིས་ཐག་གཅོད་བྱས་ཏེ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས།
ཏེན་ཞུའེ་ཞང་ཅིས་ནན་ཡའོ་ཆིང་རྒྱལ་སྤྱིའི་གནམ་གྲུ་ཐང་གི་དུས་རིམ་གཉིས་པའི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞིའི་ཡུལ་དངོས་སུ་ཕེབས་ཏེ། རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་གནང་། ཁོང་གིས་བསྟན་དོན། སྲིད་གཞུང་གི་དངུལ་གཏོང་སྣ་ཚོགས་སྤྱི་འདོམས་ཀྱིས་བེད་སྤྱད་གང་ལེགས་བྱས་ཏེ། ནོར་སྲིད་མ་དངུལ་གྱིས་ནུས་ལྡན་དངུལ་གཏོང་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱ་དགོས། ཞབས་ཞུའི་མཛུབ་ཁྲིད་ལ་ཤུགས་སྣོན་པ་དང་། དེར་ཞུགས་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། དངུལ་གཏོང་དང་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་ཤར་གཏོང་བྱས་ཏེ། དམངས་ཁྲོད་དངུལ་གཏོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལས་གཞི་འཛུགས་སྐྲུན་དང་། དོ་དམ་མཐོར་འདེགས། བཅོས་སྒྱུར་འཐུས་ཚང་བཅས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། ཞིབ་བཤེར་ཐེག་ཐུབ་པའི་སྤུས་ལེགས་བཟོ་སྐྲུན་སྐོར་ཞིག་བསྐྲུན་དགོས།

ཟླ11པའི་ཚེས20ནས་ཚེས22ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཧྲན་ཏུང་དང་ཧི་པེ་རུ་རྟོག་ཞིབ་གནང་། འདི་ནི་ཟླ11པའི་ཚེས22ཉིན། ཏེན་ཞུའེ་ཞང་ཧི་པེ་ཧྲི་ཅཱ་ཀྲོང་གི་ཧྭ་གློག་ཧྲི་ཅཱ་ཀྲོང་ལུའུ་ཧྭ་ཚ་གློག་ཀུང་སི་རུ་ཕེབས་ནས། དགུན་དཀྱིལ་དུ་དྲོད་སྲུང་དྲོད་འདོན་གང་ལེགས་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་གནང་བའི་རྣམ་པ་རེད།
ཧྭ་གློག་ཧྲི་ཅཱ་ཀྲོང་ལུའུ་ཧྭ་ཚ་གློག་ཀུང་སི་རུ། ཏེན་ཞུའེ་ཞང་གིས་བསྟན་དོན། ད་ལྟ་རྒྱལ་ཡོངས་བྱང་ཕྱོགས་ས་ཁུལ་དུ་དྲོད་འདོན་དུས་ཚིགས་སུ་སླེབས་ཡོད་པས། དགུན་དཀྱིལ་དུ་དྲོད་སྲུང་མཁོ་འདོན་གང་ལེགས་བྱ་རྒྱུ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་བ་ཡོད། ནུས་ཁུངས་ཐོན་སྐྱེད་དང་མཁོ་སྤྲོད་བརྟན་པོ་ཡོང་བ་དང་། སོལ་གློག་སྣུམ་རླངས་ཀྱི་སྐྱེལ་འདྲེན་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྐོར་ཞིབ་འགན་འཁྲི་དོན་འཁྱོལ་བྱས་ནས་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱ་དགོས། ནུས་ཁུངས་མཁོ་སྤྲོད་འགན་ལེན་དང་ལྗང་མདོག་ཚུལ་བསྒྱུར་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། “རྡོ་སོལ་སོལ་རླངས་སུ་སྒྱུར་བ”དང“རྡོ་སོལ་གློག་ཏུ་སྒྱུར་བའི”རྗེས་མཐུད་ལས་དོན་ཡག་པོར་བསྒྲུབས་ནས། མང་ཚོགས་ཀྱིས་བདེ་འཇགས་དང་དྲོད་སྐྱིད་ལྡན་པའི་ངང་དགུན་བསྐྱལ་ཐུབ་པར་འགན་ལེན་བྱ་དགོས། ཏེན་ཞུའེ་ཞང་གིས་ད་དུང་ཡུལ་དངོས་ནས་ཧུའུ་ཐའོ་གཙང་པོའི་སྐྱེ་ཁམས་སླར་གསོའི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ས་གནས་ཀྱི་སྐྱེ་ཁམས་བཅོས་སྐྱོང་གི་ཕན་འབྲས་ཁས་ལེན་གང་ལེགས་མཛད་པ་དང་། ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་ནས། ཕྱོགས་སོ་སོས་མཉམ་དུ་གནམ་སྔོ་ཆུ་དྭངས་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱ་དགོས་པ་ནན་གྱིས་བསྟན།