རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ཧྲིན་ཀྲིན་དུ་གྲོལ་བ་དང་ཝང་ཧུའུ་ཉིང་མཇུག་སྒྲིལ་མཛད་སྒོར་ཞུགས།
2025.11.23 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ11པའི་ཚེས21ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ཀོང་ཏུང་ཧྲིན་ཀྲིན་དུ་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་མཇུག་སྒྲིལ་མཛད་སྒོར་ཞུགས་པར་མ་ཟད་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་བ་གྲོལ་བ་ཁྱབ་བསྒྲགས་གནང་།

ཚེས21ཉིན་གྱི་དགོང་མོར། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་མཇུག་སྒྲིལ་མཛད་སྒོ་ཧྲིན་ཀྲིན་ཆན་ཧའེ་དགའ་སྤྲོའི་ཟློས་གར་ཁང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་བ་གྲོལ་བ་ཁྱབ་བསྒྲགས་གནང་།

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་བ་ནི་ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་ས་ཁུལ་གསུམ་གྱིས་ཐོག་དང་པོར་མཉམ་འབྲེལ་སྒོས་འགན་འཁུར་བའི་ལུས་རྩལ་འགྲན་བསྡུར་ཆེ་གྲས་ཤིག་ཡིན་ཏེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དེ་ལུས་རྩལ་ཁྱབ་ཁོངས་སུ་གསར་གཏོད་ལག་ལེན་བྱས་པའང་ཡིན། ཐེངས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱིས་ལྗང་མདོག་དང་། མཉམ་སྤྱོད། སྒོ་འབྱེད། སྤྱོད་གཙང་བཅས་ཀྱི་འགྲན་བསྡུར་སྤེལ་བའི་འདུ་ཤེས་དང་། སྟབས་བདེ། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་འགྲན་བསྡུར་སྤེལ་བའི་བླང་བྱ་མཐའ་འཁྱོངས་བྱས་ནས། འགྲན་བསྡུར་སྤེལ་བའི་བྱ་བ་དེ་ས་གནས་གསུམ་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ།  རྨང་གཞི་སྒྲིག་བཀོད་ཐད་ཀྱི་སྦྲེལ་མཐུད་དང་།  སྒྲིག་སྲོལ་ལམ་ལུགས་ཐད་ཀྱི་སྦྲེལ་མཐུད། སེམས་དང་བསམ་པའི་བར་གྱི་སྦྲེལ་མཐུད་བཅས་ཀྱི་ལེའུ་མཉམ་དུ་འབྲི་བ་དང་། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་གྱི་མཚོ་ཁུག་ཆེན་མོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རོགས་ཤུགས་བཏོན།

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་བ་ནི་ཟླ11ཚེས9ཉིན་ཀོང་ཀྲིག་ཏུ་འགོ་ཚུགས་པ་དང་། རྩལ་འགྲན་རྣམ་གྲངས34དང་མང་ཚོགས་ཀྱི་འགྲན་བསྡུར་བྱེད་སྒོ23བཀོད་སྒྲིག་བྱས་ལ། བསྡོམས་པས་ལུས་རྩལ་པ་ཆིག་ཁྲི་བཞི་སྟོང་ལྷག་དང་མང་ཚོགས་ལུས་རྩལ་པ་ཆིག་ཁྲི་ཆིག་སྟོང་ཙམ་ཞུགས་ཡོད། མི5རུ་ཁག3གྱིས་འཛམ་གླིང་ཟིན་ཐོ8ཐེངས8་ལ་བརྒལ་བ་དང་། མི10རུ་ཁག4ཡིས་ཨེ་ཤ་ཡའི་ཟིན་ཐོ་གསར་པ14བཏོད་པ་དང་ཨེ་ཤ་ཡའི་ཟིན་ཐོ13བརྒལ་ལ། མི10རུ་ཁག4ཡིས་རྒྱལ་ཡོངས་ཟིན་ཐོ་གསར་པ14བཏོད་ཡོད།

ཀོང་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་མིན་ཧྥན་ལི་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིསཅ་ཁྲའོ། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚིན་ཧའོ་ཧུའེ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཀའོ་ཀྲི་ཏན་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ།

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དྲུག་པ2029ལོར་ཧུའུ་ནན་དུ་སྤེལ་རྒྱུ་རེད།

མཇུག་སྒྲིལ་མཛད་སྒོའི་སྟེང་ད་དུང་སྐར་ཚོམ་གྱི་རྒྱ་མཚོ་ཞེས་པ་བརྗོད་དོན་ཡིན་པའི་རིག་རྩལ་འཁྲབ་སྟོན་བྱས།

ཧོང་ཁུན་མིན་དང་།  ཀྲིན་ཅན་པང་།  ཧྲིན་དབྱི་ཆིན།  ཀྲུའུ་ཡུང་ཞིན།  ལིའུ་ཀྲིན་ལི་བཅས་མཇུག་སྒྲིལ་མཛད་སྒོར་ཞུགས།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།