ལེ་པཱ་ནུན་གྱི་འཐབ་འཛིང་གནམ་གྲུས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་སྦས་སྐོང་བྱེད་སར་བར་སྣང་འཇབ་རྒོལ་བྱས།
2017.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

ལེ་པཱ་ནུན་གྱི་འཐབ་འཛིང་གནམ་གྲུས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ལེ་པཱ་ནུན་བྱང་ཤར་ཕྱོགས་ཀྱི་སི་རི་ཡཱའི་མཐའ་མཚམས་དང་ཉེ་སའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་ས་མང་བོར་བར་སྣང་འཇབ་རྒོལ་བྱས།

བསྒྲགས་པ་ལྟར་ན། ལེ་པཱ་ནུན་དམག་དཔུང་གི་འཐབ་འཛིང་གནམ་གྲུ་ཞིག་གིས་ཉིན་དེར་བྱང་ཤར་ཕྱོགས་ཀྱི་ལཱ་སི་པཱ་ལེ་པེ་ཁི་དང་ཅཱ་ཨ་ཉེ་འཁོར་ས་ཁུལ་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་སར་འཕུར་མདའ་ལྔ་གཏོང་འཕེན་བྱས་ཟེར།

བསྒྲགས་པ་ལྟར་ན་བར་སྣང་འཇབ་རྒོལ་དེ་ལས་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་མང་བོར་རྨས་ཕོག་ཡོད་ཟེར།

ལེ་པཱ་ནུན་གྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ལེ་པཱ་ནུན་གྱི་དམག་དཔུང་གིས་མེ་སྒྱོགས་ཆེ་གྲས་བཀོལ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྡོད་གནས་ལ་འགས་གཏོར་བཏང་བ་རེད།

ཉེ་བའི་དུས་སྐབས་སུ། ལེ་པཱ་ནུན་གྱི་དམག་དཔུང་གིས་བྱང་ཤར་ས་ཁུལ་གྱི་དམག་ཤུགས་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ཏེ་དམག་དོན་འགུལ་སྐྱོད་ལ་གྲ་སྒྲིག་བྱས་ལ། ས་ཁུལ་དེའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་མཐར་སྐྲོད་གཏོང་རྒྱུའི་རེ་བ་བཅངས་ཡོད།