ཧྲ་ཞེ་ཏི་ཧཱ་ཆན་ཨ་པཱ་ཞི་ཕཱ་ཁི་སི་ཐན་གྱི་ཙུང་ལི་གསར་བར་བདམས།
2017.08.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

ཕཱ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཉིན་དེའི་ཕྱི་དྲོར་སྤེལ་བའི་ཙུང་ལིའི་འདེམ་བསྐོའི་ཁྲོད། སྲིད་འཛིན་ཏང་ཕཱ་ཁི་སི་ཐན་མུའུ་སི་ལིན་མནའ་འབྲེལ་གྱི་འདེམ་སྒུག་མི་སྣ་ཧྲ་ཞེ་ཏི་ཧཱ་ཆན་ཨ་པཱ་ཞི་ཙུང་ལི་གསར་བར་བདམས།

ཕཱ་ཁི་སི་ཐན་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་ཞེ་ལི་ཧྥུའུ་ཁྱིམ་རྒྱུད་རུལ་སུངས་ལ་འབྲེལ་བ་ཡོད་པའི་གྱོད་དོན་ལ་ཐག་གཅོད་བྱས་པ་དང་། ཞེ་ལི་ཧྥུའུ་ཡི་ཙུང་ལིའི་ཐོབ་ཐང་མེད་པར་བཟོ་རྒྱུ་ཐག་བཅད། སྲིད་འཛིན་ཏང་ཕཱ་ཁི་སི་ཐན་མུའུ་སི་ལིན་མནའ་འབྲེལ་གྱིས་ཚེས་ཉེར་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཕང་ཀྲི་ཕུའུ་ཞིང་ཆེན་གྱི་དབུ་བཞུགས་པུའུ་ཀྲང་ཞ་པཱ་ཚི་ཞེ་ལི་ཧྥུའུ་ཙུང་ལི་གསར་བར་མིང་བཏོན་པ་དང་། སྔོན་ཆད་ཀྱི་རྡོ་སྣུམ་དང་རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ཧྲ་ཞེ་ཏི་ཧཱ་ཆན་ཨ་པཱ་ཞི་བར་བརྒལ་ཙུང་ལིར་མིང་བཏོན་པ་རེད།