མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་སི་རི་ཡཱའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དགོས་མཁོ་སྔར་ལས་ཇེ་ཆེར་སོང་ཡོད་པར་བཤད། 
2018.07.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52


མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལོ་ཁི་ཁི་ཡིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། མིག་སྔའི་བར་སི་རི་ཡཱའི་མང་ཚོགས་ས་ཡ་འགར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐོབ་ཡོད་ཀྱང་། སི་རི་ཡཱའི་རྒྱལ་ནང་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དགོས་མཁོ་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། རེ་བ་དེ་བསྐང་ཐུབ་མེད་ཟེར། 

ལོ་ཁི་ཁི་ཡིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སི་རི་ཡཱའི་གནད་དོན་གྱི་ཚོགས་འདུའི་སྟེང་སྙན་ཞུ་སྤེལ་ཏེ། མི་ཆོས་རིང་ལུགས་རྩ་འཛུགས་ཀྱིས་མུ་མཐུད་དུ་སི་རི་ཡཱའི་མང་ཚོགས་ལ་རོགས་སྐྱོར་བྱེད་བཞིན་ཡོད། ཟླ་སྔོན་མ་ཁོ་ནར་མི་ས་ཡ་གསུམ་ལ་ཟས་རིགས་ཀྱི་རོགས་སྐྱོར་ཐོབ་ཡོད། ཡིན་ཡང་སི་རི་ཡཱའི་རྒྱལ་ནང་གི་ས་ཁུལ་མང་བོ་ཞིག་གི་རོགས་སྐྱོར་དགོས་མཁོ་སྔར་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཁྱད་པར་དུ་ལྷོ་ནུབ་ཕྱོགས་དང་ནུབ་བྱང་ཕྱོགས། ལཱ་ཁཱ་སོགས་ས་ཁུལ་ཚབས་ཆེན་རེད་ཟེར། མིག་སྔར་ལྷོ་ནུབ་ཕྱོགས་ཀྱི་ཁུའུ་ནཱ་ཐི་ལཱ་ཞིང་ཆེན་དུ་སྔར་བཞིན་གསར་དུ་བྱུང་བའི་ཁྱིམ་གཞིས་དང་བྲལ་བའི་མི་འབུམ་གཅིག་དང་ཁྲི་གཅིག་ལ་རོགས་སྐྱོར་ཅི་ཡང་ཐོབ་མེད་ཟེར། 

ལོ་ཁི་ཁི་ཡིས་བཤད་རྒྱུར། བསྒྲགས་པའི་གནས་ཚུལ་ལྟར་ན་ཏཱ་མཱ་ཧྲི་ཀིའི་ཤར་མཐའི་ཏུང་ཀུའུ་ཐཱ་ས་ཁུལ་དུ་རྒྱུན་ལྡན་གྱི་སྣང་ཚུལ་བྱུང་ཡོད་པར་བརྗོད་ཀྱང་། ས་དེའི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་སྔར་བཞིན་ཧ་ཅང་ཆེ་ཟེར། 

ལོ་ཁི་ཁི་ཡིས་ད་རུང་འཁྲུག་རྩོད་ཕྱོགས་ཁག་སོ་སོས་རྒྱལ་སྤྱིའི་བཅའ་ཁྲིམས་ལྟར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་བདེ་འཇགས་ཀྱི་རྒྱུ་ལམ་འདོན་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་།