རྒྱ་གར་ནས་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་སོ་གསུམ་རྐྱེན་ལམ་དུ་ཤོར། 
2018.07.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

འགྲུལ་སྐྱེལ་རླངས་འཁོར་ཞིག་ཚེས་ཉེར་བརྒྱད་ཉིན་རྒྱ་གར་གྱི་མཱ་ཧཱ་ལཱ་ཧྲི་ཐི་ལཱ་པང་གི་ལེ་ཅཱ་ཏི་ས་ཁུལ་ནས་གྲོག་རོང་དུ་ལྷུང་བ་དང་། ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན། འགྲིམ་འགྲུལ་དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་སོ་གསུམ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཏཱ་པའོ་ལེ་ཞིང་ལས་སློབ་ཆེན་ནས་ཡོང་བའི་ལས་བཟོ་བ་སུམ་ཅུ་ལྷག་ཉིན་དེར་འགྲུལ་སྐྱེལ་རླངས་འཁོར་དུ་བསྡད་དེ་མའོ་ཧཱ་པའོ་ལེ་ཧྲི་བོ་ཨར་དུ་ཚ་ཕོག་རྒྱག་པར་སོང་། འགྲུལ་སྐྱེལ་རླངས་འཁོར་དེ་ལེ་ཅཱ་ཏི་ས་ཁུལ་ནས་གཏིང་ཚད་ལ་རྨིད་དགུ་བཅུ་ལྷག་ཡོད་པའི་གྲོག་རོང་དུ་ལྷུང་། སྲོག་ཉེན་ལས་ཐར་བའི་མི་ཞིག་རླངས་འཁོར་གྱི་ཆག་རོ་ལས་ཕྱིར་བུད་རྗེས་ཁ་པར་བཏང་ནས་ཕྱི་ཕྱོགས་ལ་འབྲེལ་གཏུག་བྱས་པས། ས་དེའི་ཉེན་རྟོག་པ་ཡུལ་དངོས་སུ་འབྱོར་ནས་རྒུད་སྐྱོབ་བྱེད་བཞིན་ཡོད་ཟེར། 

ལེ་ཅཱ་ཏི་ས་ཁུལ་གྱི་སྲིད་གཞུང་གི་དཔོན་པོ་སུའུ་ལི་ཡཱ་ཝན་ཞེ་ཡིས་ཁ་པར་བརྒྱུད་དེ་འགྲིམ་འགྲུལ་དོན་རྐྱེན་དེ་བདེན་དཔང་བྱས་པར་མ་ཟད། འགྲིམ་འགྲུལ་དོན་རྐྱེན་དེ་ཉིན་དེའི་ཉིན་གུང་བྱུང་བ་རེད་ཟེར། 

མཱ་ཧཱ་ལཱ་ཧྲི་ཐི་ལཱ་པང་གི་དབུ་བཞུགས་པུའུ་ཀྲང་ཧྥ་ཏི་ནཱ་ཝེ་སི་ཡིས་བསྟན་དོན། པང་སྲིད་གཞུང་གིས་ནུས་པ་གང་ཡོད་བཏོན་ནས་རྒུད་སྐྱོབ་བྱ་བ་སྤེལ་རྒྱུ་ཡིན་ཟེར།