ཧིན་རྡུ་ཉི་ཞི་ཡཱའི་ཤར་ཕྱོགས་ཀྱི་ནོའུ་ཧྲ་ཏི་ཅཱ་ལཱ་ཞིང་ཆེན་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚད་རིམ་དྲུག་དང་གྲངས་ཆུང་བདུན་གྱི་ས་འགུལ་བྱུང་།
2018.08.18 ཁུངས། ཀློག་གྲངས། 28


ཧིན་རྡུ་ཉི་ཞི་ཡཱའི་ཤར་ཕྱོགས་ཀྱི་ནོའུ་ཧྲ་ཏི་ཅཱ་ལཱ་ཞིང་ཆེན་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚེས་བཅུ་བདུན་ཉིན་ཚད་རིམ་དྲུག་དང་གྲངས་ཆུང་བདུན་གྱི་ས་འགུལ་བྱུང་བ་དང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཐད་ཀྱི་སྙན་ཞུ་བསྒྲགས་མེད།
ཧིན་རྡུ་ཉི་ཞི་ཡཱའི་གནམ་གཤིས་དང་སའི་གོ་ལའི་དངོས་ལུགས་ཅུའུ་ཡིས་བསྒྲགས་པ་ལྟར་ན། ས་འགུལ་དེ་ཚེས་བཅུ་བདུན་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་དང་སྐར་མ་སོ་ལྔའི་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་དེ་ཤར་ཕྱོགས་ཀྱི་ནོའུ་ཧྲ་ཏི་ཅཱ་ལཱ་ཞིང་ཆེན་གྱི་ཞི་མིང་ཅཱ་ལེ་རྫོང་གི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་བརྒྱ་ལྷག་ཡོད་པའི་མཚོ་ཁོངས་ཡིན་ལ། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་ལྔ་བརྒྱ་དང་ང་དགུ་ཡོད་ཟེར།
ཧིན་རྡུ་ཉི་ཞི་ཡཱའི་ལྟ་ཞིབ་སྡེ་ཁག་གིས་ཐེངས་འདིའི་ས་འགུལ་ལས་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་མེད།