མཉམ་འབྲེལ་རྒྱལ་ཚོགས་ཀྱིས་པཱ་ཀ་ཏཱ་རུ་སྡོད་པའི་དོན་གཅོད་ཁང་གི་འགས་གཏོར་དོན་རྐྱེན་བྱུང་ནས་ལོ་ངོ་བཅོ་ལྔ་འགོར་བར་རྗེས་དྲན་བྱས། 
2018.08.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན། ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་རྗེས་དྲན་མཛད་སྒོའི་སྟེང་མྱ་ངན་ཞུ་བཞིན་པ། 

ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན། ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་རྗེས་དྲན་མཛད་སྒོའི་སྟེང་མྱ་ངན་ཞུ་བཞིན་པ། 

འཛམ་གླིང་མི་ཆོས་རིང་ལུགས་ཉིན་མོ་ཐོན་ལ་ཉེ་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་བཅུ་བདུན་ཉིན་མཛད་སྒོ་སྤེལ་ཏེ། ལོ་བཅོ་ལྔའི་སྔོན་པཱ་ཀ་ཏཱ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཁང་ལ་འགས་གཏོར་ཐེབས་སྐབས་རང་སྲོག་བློས་བཏང་བའི་ལས་བྱེད་མི་སྣར་མྱ་ངན་དང་རྗེས་དྲན་བྱས། 

ཉིན་དེར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་བའི་མཛད་སྒོའི་སྟེང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་པཱ་ཀ་ཏཱ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཁང་ལ་འགས་གཏོར་ཐེབས་སྐབས་རང་སྲོག་བློས་བཏང་བའི་མི་སྣར་མེ་ཏོག་གི་ཕྲེང་བ་ཕུལ་བ་དང་། འདས་པོའི་གཉེན་ཉེ་དང་གྲོགས་པ་འདུས་པའི་ཡུལ་དངོས་ཀྱི་མི་ཚང་མས་སྐར་མ་གཅིག་རིང་མྱ་ངན་ཞུས། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ལོ་ངོ་བཅོ་ལྔའི་ཡར་སྔོན་གྱི་འགས་གཏོར་དོན་རྐྱེན་ནི་མཉམ་འབྲེལ་རྒྱལ་ཚོགས་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐོག་མ་ཡིན་པ་དང་། དོན་རྐྱེན་དེས་མཉམ་འབྲེལ་རྒྱལ་ཚོགས་ཧྲིལ་བོར་གནོད་སྐྱོན་བཟོས་ཡོད་ཟེར། ཁོས་ད་རུང་བཤད་རྒྱུར། རང་སྲོག་བློས་གཏོང་མཁན་ཚོས་བཞག་པའི་ཤུལ་བཞག་དག་ཀུན་གྱིས་བརྗེད་མེད་དུ་ཡིད་ལ་འཛིན་སྲིད་པ་དང་། ཁོ་ཚོར་རྗེས་དྲན་བྱེད་པའི་བྱེད་ཐབས་ཆེས་བཟང་བོ་ནི་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ། ཉེན་ཁའི་གནས་སུ་བདེ་འཇགས་ཡོང་བར་བྱེད་པ་དེ་ཡིན་ཟེར།