མཉམ་འབྲེལ་རྒྱལ་ཚོགས་དཔོན་རིགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དེ་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་ཕན་པར་བཤད། 
2018.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14


མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ཁཱ་མེ་ལུང་དུ་སྡོད་པའི་དོན་གཅོད་ཁང་གི་ཀྲུའུ་རིན་པཱ་ཨར་ཏི་ཡིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་འོག ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གཟེངས་བསྟོད་བྱེད་འོས་ཟེར། 

པཱ་ཨར་ཏི་ཡིས་ཉིན་དེར་ཁཱ་མེ་ལུང་གི་རྒྱལ་ས་ཡཱ་ཝུན་ཏི་ནས་སྤེལ་བའི་ཀྲུང་གོའི་རོགས་སྐྱོར་དངོས་རྫས་བརྒྱུད་སྤྲོད་མཛད་སྒོའི་སྟེང་བཤད་རྒྱུར། ཀྲུང་གོས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་བརྒྱུད་དེ་ཁཱ་མེ་ལུང་ལ་མེ་སྒོར་ས་ཡ་ལྔའི་འབྲུ་རིགས་རོགས་སྐྱོར་འདོན་སྤྲོད་བྱས་པ་དང་། དེས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་ལ་མ་དངུལ་དཀོན་པའི་གནད་དོན་ཕན་ནུས་ལྡན་པའི་སྒོ་ནས་ཞི་འཇགས་སུ་བཏང་བས། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་དེར་གཟེངས་བསྟོད་བྱས། 

ཐེངས་འདིའི་ཀྲུང་གོའི་རོགས་སྐྱོར་དེ་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་ཁཱ་མེ་ལུང་ས་ཁུལ་མང་བོའི་ཡུལ་གྱར་བ་དང་སྡོད་ཁུལ་དུ་ཟས་རིགས་དང་འཚོ་བཅུད་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ཐད་བཀོལ་རྒྱུ་ཡིན་པ་དང་། མི་འབུམ་གཉིས་དང་ཁྲི་གསུམ་ལྷག་ལ་ཁེ་ཕན་ཐོབ་ཐུབ། ཉིས་སྟོང་བཅུ་བདུན་ལོར། ཀྲུང་གོས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་བརྒྱུད་དེ་ཁཱ་མེ་ལུང་མངའ་ཁོངས་ཀྱི་ཨ་ཧྥེ་རི་ཁ་དབུས་མའི་ཡུལ་གྱར་བར་འབྲུ་རིགས་རོགས་སྐྱོར་འདོན་སྤྲོད་བྱས་མྱོང།