ཡེ་མིན་སྲིད་གཞུང་དམག་དཔུང་གིས་རྟེན་གཞི་རྩ་འཛུགས་ཀྱི་ཁོངས་མི་ལྔ་བསད། 
2018.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14


ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཡེ་མིན་ཧྲི་པུའུ་བོ་ཞིང་ཆེན་ནས་རྟེན་གཞི་རྩ་འཛུགས་ཀྱི་ཨ་རབ་ཡན་ལག་རུ་ཁག་གི་ཁོངས་མི་ལྔ་བསད་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་དམག་དཔུང་གི་དམག་དཔོན་ཞིག་གིས་བཤད་རྒྱུར། ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཧྲི་པུའུ་བོ་ཞིང་ཆེན་དུ་སྦས་སྐོང་བྱེད་པའི་རྟེན་གཞི་རྩ་འཛུགས་ཀྱི་ཨ་རབ་ཡན་ལག་རུ་ཁག་གཙང་ཕྱགས་བྱེད་པའི་འགུལ་སྐྱོད་སྤེལ་ཏེ། རྩ་འཛུགས་དེའི་སྦྱོང་བརྡར་ལྟེ་གནས་ཤིག་གཏོར་བ་དང་། ཉུང་མཐར་ཡང་རྩ་འཛུགས་དེའི་ཁོངས་མི་ལྔ་བསད་པར་མ་ཟད། བཀོད་འདོམ་དཔོན་པོ་གཅིག་དང་བཅས་པའི་ཁོངས་མི་འགའ་འཛིན་བཟུང་བྱས། གཞན་ཡང་མི་བཅུ་ཕྲག་འགའ་བྲོས་བྱོལ་བྱས་ཟེར། 

དམག་དཔོན་དེས་བཤད་རྒྱུར། མ་འོངས་པའི་ཉིན་འགའི་ནང་ཡེ་མིན་སྲིད་གཞུང་དམག་དཔུང་གིས་མུ་མཐུད་དུ་ཧྲི་པུའུ་བོ་ཞིང་ཆེན་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར། 

དེ་ལས་གཞན་ཧྲི་པུའུ་བོ་ཞིང་ཆེན་གྱི་སྨན་བཅོས་སྡེ་ཁག་གི་དཔོན་རིགས་ཤིག་གིས་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ཁྲོད་ཉུང་མཐར་ཡང་སྲིད་གཞུང་གི་དམག་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ལྔར་རྨས་ཕོག་ཡོད་ཟེར།