མའོ་ལོ་ཀི་ནས་མེ་འཁོར་ཞིག་ལྕགས་ལམ་ལས་བརྒལ་ནས་ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར། 
2018.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18


མའོ་ལོ་ཀིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་བྱང་ཕྱོགས་ས་ཁུལ་ནས་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་མེ་འཁོར་ཞིག་ལྕགས་ལམ་ལས་བརྒལ་བའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག་ཡོད་ཟེར། 

མའོ་ལོ་ཀིའི་དམངས་སྲུང་སྡེ་ཁག་གིས་བཤད་རྒྱུར། མེ་འཁོར་དེ་ཉིན་དེའི་སྔ་དྲོར་མའོ་ལོ་ཀིའི་བྱང་ཕྱོགས་ཀྱི་གྲོང་རྡལ་ཆུང་བ་པུའུ་ཀི་ནཱ་ཏའེ་ལེ་ནས་ལྕགས་ལམ་ལས་བརྒལ་ནས་ལོག་པ་དང་། མི་བཅུ་ཕྲག་འགར་ཤི་རྨས་བཟོས་ཡོད་ཟེར། གཞན་ཡང་བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ལས་མེ་འཁོར་གྱི་འཁོར་དཔོན་དང་བཅས་པའི་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། ཁ་ལོ་བར་རྨས་ལྗིད་མོ་ཕོག་ཡོད་ཟེར། 

མེ་འཁོར་དེ་མའོ་ལོ་ཀིའི་རྒྱལ་ས་ལཱ་པཱ་ཐི་དང་ཀའེ་ནེ་ཐི་ལཱ་ས་ཁུལ་གཉིས་བར་བགྲོད་བཞིན་ཡོད་པ་རེད། 

མའོ་ལོ་ཀིའི་དམངས་སྲུང་སྡེ་ཁག་གི་མི་སྣས་བཤད་རྒྱུར། ཡུལ་དངོས་གནས་ཚུལ་ལ་དཔྱད་ཞིབ་བྱས་པ་དང་བསྟུན་ནས། ཤི་རྨས་ཐེབས་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་ཡང་སྲིད་ཟེར།