སྤེལ་དུས།2018.11.19 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0


དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཁོས་དབྱི་སི་རལ་རྒྱལ་སྲུང་པུའུ་ཀྲང་གི་འགན་ཞོར་དུ་ཁུར་རྒྱུ་ཡིན་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེའི་དགོང་མོར་ཐི་ལཱ་ཝེ་ཧྥུའུ་རུ་ཡོད་པའི་རྒྱལ་སྲུང་པུའུ་སྤྱི་ཁྱབ་པུའུ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་རལ་གྱི་མིག་སྔའི་བདེ་འཇགས་གནས་བབ་ཧ་ཅང་རྙོག་འཛིང་དང་ཚབས་ཆེན་ཡིན། དུས་སྐབས་འདི་འདྲར་ང་ཚོས་ངེས་པར་དུ་སྔ་མོ་ནས་འདེམ་བསྐོའི་བྱ་འགུལ་སྤེལ་བའི་དགོས་མཁོ་མེད་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་བ་ནི་འགན་མི་ཁུར་བའི་བྱ་སྤྱོད་ཅིག་ཡིན། ཁོས་ནུས་པ་ཡོད་ཚད་བཏོན་ནས་མིག་སྔའི་མཉམ་འབྲེལ་སྲིད་གཞུང་གི་མདུན་དུ་ལྷགས་པའི་ཉམས་ཉེན་ཐག་གཅོད་བྱས་ནས་འདེམ་བསྐོའི་བྱ་འགུལ་སྔ་མོ་ནས་སྤེལ་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར།
མིག་སྔར་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་གྱི་ལས་འགན་ཡང་ཞོར་དུ་ཁུར་ཡོད་པ་རེད།
ཉེ་སྔོན་བསྒྲགས་པ་ལྟར་ན། ཡིའུ་ཐེ་བའི་ཁྱིམ་གཞིས་ཏང་གི་གཙོ་འཛིན། སློབ་གསོའི་པུའུ་ཀྲང་པེ་ནེ་ཐི་ཡིས་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་རང་ཉིང་རྒྱལ་སྲུང་པུའུ་ཀྲང་དུ་བསྐོ་འཇོག་བྱེད་དགོས་པའི་རེ་བ་བཏོན་པ་དང་། དེ་ལྟ་མིན་ཚེ་ཁོས་མགོ་ཁྲིད་པའི་གྲོས་ཁང་གི་ལས་གནས་བརྒྱད་ཡོད་པའི་སྲིད་ཏང་དེ་མཉམ་འབྲེལ་སྲིད་གཞུང་ལས་ཕྱིར་འབུད་རྒྱུ་ཡིན་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མགོ་ཁྲིད་པའི་སྲིད་གཞུང་དང་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་དྲག་ཆས་རྩ་འཛུགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པར་མ་དགའ་བའི་དབང་གིས་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ལེ་པའོ་མན་གྱིས་ཚེས་བཅུ་བཞིའི་ཉིན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཚེས་བཅོ་ལྔ་ཉིན་ནེ་ཐཱ་ནི་ཡཱ་ཧུའུ་ལ་ལས་ཁུར་དགོངས་ཞུའིུ་སྙན་ཞུ་དངོས་སུ་སྤྲད། ལེ་པའོ་མན་ནི་དབྱི་སི་རལ་ནི་ང་ཚོའི་ཁྱིམ་གཞིས་ཡིན་ཞེས་པའི་ཏང་གི་གཙོ་འཛིན་ཡིན་པ་དང་། ཁོས་ལས་ཁུར་དགོངས་ཞུ་བྱས་པ་ལས་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མགོ་ཁྲིད་པའི་སྲིད་འཛིན་ཏང་མནའ་འབྲེལ་གྱི་གྲོས་ཁང་གི་ལས་གནས་བརྒྱ་དང་ཉི་ཤུའི་ཁྲོད་ཀྱི་ལས་གནས་ཁ་གྲངས་རེ་གཅིག་ཏུ་ཇེ་ཉུང་ལ་འགྲོ་སྲིད།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།