ཨ་ཀེན་ཐིན་གྱི་ཙུང་ཐུང་གིས་ཀྲུང་གོའི་བར་གྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་ཡར་སྐུལ་གཏོང་འདོད་ཡོད་པའི་ཚུལ་བསྟན། 
2019.01.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཨ་ཀེན་ཐིན་གྱི་ཙུང་ཐུང་མཱ་ཁི་ལི་ཡིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། མུ་མཐུད་དུ་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཨ་ཀེན་ཐིན་དང་ཀྲུང་གོའི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། 

མཱ་ཁི་ལི་ཡིས་ཉིན་དེར་ཨ་ཀེན་ཐིན་གྱི་ཙུང་ཐུང་བཞུགས་ཤག་ནས་ཨ་ཀེན་ཐིན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་གསར་བ་ཙིག་ཞའོ་ལི་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས། མཱ་ཁི་ལི་ཡིས་བསྟན་དོན། ཨ་ཀེན་ཐིན་དང་ཀྲུང་གོ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་ཞིང་། ཨ་ཀེན་ཐིན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་ཇེ་མང་དུ་སོང་བ་དང་འབྲེལ་འདྲིས་ཇེ་ཟབ་ཏུ་སོང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་འབྱུང་བར་ཡར་སྐུལ་བཏང་བར་དགའ་སྤྲོ་སྐྱེས་ཡོད། ཨ་ཀེན་ཐིན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།