དབྱི་རག་གི་བྱང་ཕྱོགས་ནས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་བདེ་འཇགས་མི་སྣ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་བདུན་ལ་རྨས་ཕོག
2019.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

དབྱི་རག་གི་བདེ་འཇགས་དཔོན་རིགས་ཀྱིས་ཚེས་བཅུ་བཞི་ཉིན་བསྟན་དོན། ཧྲི་ཡེ་ཕྱོགས་ཁག་གི་མི་དམངས་སྐུལ་སློང་རྩ་འཛུགས་ཞེས་པའི་ ཡན་ལག་རུ་ཁག་ཅིག་ལ་ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་ནས་ལམ་འགྲམ་དུ་འགད་རྫས་སྦས་ཏེ་འཇབ་རྒོལ་ཐེབས་ནས། བདེ་འཇགས་མི་སྣ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་བདུན་ལ་རྨས་ཕོག་ཟེར།

སཱ་ལཱ་ཧི་ཏེན་ཞིང་ཆེན་སཱ་མའེ་ལཱ་གྲོང་ཁྱེར་གྱི་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམས་པུའུ་ཡི་དཔོན་རིགས་ཧུའུ་སཱ་མུའུ་ཀྲུའུ་པུའུ་ལེ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ཉིན་གུང་། མི་དམངས་སྐུལ་སློང་རྩ་འཛུགས་ཞེས་པའི་ཁོངས་སུ་གཏོགས་པའི་ཡན་ལག་རུ་ཁག་ཅིག་གིས་གྲོང་ཁྱེར་དེའི་ཉེ་འདབས་ནས་འཛིན་བཟུང་ལས་འགན་སྒྲུབ་སྐབས་ལམ་འགྲམ་དུ་སྦས་པའི་འགད་རྫས་གཉིས་ཀྱི་འཇབ་རྒོལ་ཐེབས་ནས། ཡན་ལག་རུ་ཁག་གི་རུ་དཔོན་དང་བཅས་པའི་བདེ་འཇགས་མི་སྣ་བརྒྱད་རྐྱེན་ལམ་དུ་ཤོར་ཟེར།

མིག་སྔར་རྩ་འཛུགས་གཅིག་གིས་ཀྱང་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་བླངས་མེད།