ཧྥ་རན་སིས་དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་དངོས་འབེབས་བྱེད་པར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བསྟན།
2019.02.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་ལྔ་ཉིན་གསར་འགྱུར་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཆིངས་བརྩི་སྲུང་བྱེད་པ་དང་རྒྱལ་སྤྱིའི་བདེ་འཇགས་ལ་ཕན་པ་ཡོད་པའི་ཆ་རྐྱེན་འོག་ཏུ། ཧྥ་རན་སིས་དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་དངོས་འབེབས་བྱེད་པར་འབད་བརྩོན་བྱ་རྒྱུ་ཡིན། གལ་ཏེ་དབྱི་ལང་གིས་འབྲེལ་ཡོད་འོས་འགན་ཡོངས་སུ་ལག་བསྟར་བྱས་ན། ཧྥ་རན་སིས་མུ་མཐུད་དུ་དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

སྤྱི་བསྒྲགས་ནང་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་དབྱི་ལང་ལ་ཕྱོགས་ཡོངས་དང་ཞི་བདེའི་རྣམ་འགྱུར་འཛིན་པའི་དགོས་ངེས་རང་བཞིན་ཁས་བླངས་ཡོད་ཅེས་བཤད་ཡོད།

སྤྱི་བསྒྲགས་ནང་བཤད་རྒྱུར། ཧྥ་རན་སི་དང་འཇར་མན། དབྱིན་ཇི་བཅས་ཀྱིས་དབྱི་ལང་བར་དུ་ཉོ་འཚོང་སྤེལ་བའི་ཆེད་སྤྱོད་རྐྱེན་སྲོལ་འཛུགས་དོན་ནི་དབྱི་ལང་བར་དུ་ཁྲིམས་མཐུན་ཉོ་འཚོང་སྤེལ་རྒྱུའི་ཆེད་ཡིན་ལ། དེ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད2231པའི་འབྲེལ་ཡོད་གཏན་ཁེལ་དང་མཐུན་ཟེར།