ཨ་ཧྥུའུ་ཧན་གྱི་དམག་དཔུང་གིས་བར་སྣང་ནས་འཇབ་རྒོལ་བྱས་ཏེ་ཐ་ལེ་པན་དྲག་ཆས་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་སོ་བརྒྱད་ཤི་རྨས་བཟོས།
2019.02.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཨ་ཧྥུའུ་ཧན་གྱི་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྲ་དབྱི་ནུའུ་ལཱ་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་དམག་དཔུང་གིས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་ཝུའུ་ལུའུ་ཙི་ཀན་ཞིང་ཆེན་ནས་ཐ་ལེ་པན་དྲག་ཆས་རྩ་འཛུགས་ཀྱི་དྲག་ཆས་མི་སྣར་བར་སྣང་ནས་འཇབ་རྒོལ་བྱས་ཏེ། དྲག་ཆས་མི་སྣ་ཉེར་གཉིས་བསད་པ་དང་བཅུ་དྲུག་རྨས་ཟེར།

ཀྲི་དབྱི་ནུའུ་ལཱ་ཡིས་བཤད་རྒྱུར། འཇབ་རྒོལ་ཁྲོད་ནས་བསད་པའི་དྲག་ཆས་མི་སྣའི་ཁྲོད་དུ་མིང་ལ་ཧ་མུའུཏུའུ་ལ་ཟེར་བའི་ས་དེའི་འགོ་བ་ཞིག་ཀྱང་ཡོད་ལ། འཇབ་རྒོལ་བྱེད་སྐབས། དྲག་ཆས་མི་སྣ་དེ་དག་གིས་འཇབ་རྒོལ་གྱི་འཆར་གཞི་གསར་པར་གྲོས་སྡུར་བྱེད་བཞིན་ཡོད་ཟེར།

ཐ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་དེའི་ཐད་ནས་དཔྱད་བརྗོད་ཅི་ཡང་སྤེལ་མེད།