ཡེ་མིན་ཧུའུ་སེ་དྲག་ཆས་པས་སི་ཏི་ཨ་རབ་ཀྱི་མངའ་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས་པའི་ཚུལ་བསྟན།
2019.06.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། དྲག་ཆས་རྩ་འཛུགས་དེས་ཉིན་དེར་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་གནམ་གྲུ་ཐང་གཉིས་ལ་འཇབ་རྒོལ་བྱས་ཟེར། 

ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལི་ཨ་ཡིས་བཤད་རྒྱུར། དྲག་ཆས་རྩ་འཛུགས་དེས་ཉིན་དེར་མི་བསྡད་མེད་པའི་གནམ་གྲུ་བཀོལ་ཏེ་སོ་ཏི་ཨ་རབ་ལྷོ་ཕྱོགས་ཀྱི་ཅི་ཙན་ཞིང་ཆེན་གྱི་གནམ་གྲུ་ཐང་ཞིག་དང་ལྷོ་ནུབ་ཕྱོགས་ཀྱི་ཨ་ཞི་ཨར་ཞིང་ཆེན་གྱི་ཨེ་པུའུ་ཧཱ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་གྲུ་ཐང་གི་སྣུམ་སྣོན་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཟེར། 

གཞན་ཡང་སོ་ཏི་ཨ་རབ་ཀྱིས་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱི་མཁའ་སྲུང་དམག་དཔུང་གིས་ཉིན་དེར་ཨེ་པུའུ་ཧཱ་གྲོང་ཁྱེར་གྱི་བར་སྣང་དུ་འཕུར་མདའ་ཞིག་བཀག་ཟེར། བསྒྲགས་པ་ལས་མི་སྣར་ཤི་རྨས་ཐེབས་པའི་གནས་ཚུལ་སོགས་ནང་དོན་ཞིབ་རྒྱས་བརྗོད་མེད། 

སོ་ཏི་ཨ་རབ་ལ་ཉེ་སྔོན་ཧུའུ་སེ་དྲག་ཆས་པའི་འཇབ་རྒོལ་ཐེབས་པ་རེད། ཚེས་བཅུ་བཞིའི་ཉིན་སོ་ཏི་ཨ་རབ་མཁའ་སྲུང་དམག་དཔུང་གིས་ཡེ་མིན་ཧུའུ་སེ་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུ་ལྔ་སར་འཕངས་པ་རེད། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་བཤད་རྒྱུར། མི་བསྡད་མེད་པའི་གནམ་གྲུ་དེ་དག་གིས་ཨ་ཞི་ཨར་ཞིང་ཆེན་གྱི་ཨེ་པུའུ་ཧཱ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཧེ་མུས་སི་མུའུ་ཞེ་ཐི་གྲོང་ཁྱེར་དུ་འཇབ་རྒོལ་བྱེད་རྩིས་ཡོད་ཟེར།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།