ཕཱ་ཁི་སི་ཐན་གྱི་གནས་སྐོར་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་དགུ་རྐྱེན་ལམ་དུ་ཤོར། 
2019.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཕཱ་ཁི་སི་ཐན་གྱི་གནས་སྐོར་འགྲུལ་སྐྱེལ་རླངས་འཁོར་ཞིག་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་ནུབ་བྱང་ཕྱོགས་ཀྱི་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ཁི་ཞེ་སི་ཐན་ས་ཁུལ་དུ་གྲོག་རོང་དུ་ལྷུང་ནས། མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་འགའ་གར་སོང་མ་རྙེད། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར། 

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་བྱུང་སྐབས་མི་ཉེར་གཅིག་དྲུད་པའི་གནས་སྐོར་འགྲུལ་སྐྱེལ་རླངས་འཁོར་དེ་གནས་སྐོར་མཛེས་ལྗོངས་ས་ཁུལ་དུ་འགྲོ་བཞིན་ཡོད་ཟེར། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་སྐབས་མི་སྣ་སྐོར་ཞིག་རླངས་འཁོར་ལས་ལྡིང་ནས་ཉེན་གཡོལ་བྱེད་སྐབས་རྨས་ཕོག་ཡོད་པ་དང་། མི་རེ་འགའ་ཞིག་ཆུ་རྒྱུན་དྲག་པོས་ཁུར་སོང་བ་རེད་ཟེར། 

རྒུད་སྐྱོབ་མི་སྣ་དང་ས་དེའི་དང་བླངས་མཁན་གྱིས་འདས་པོའི་བེམ་པོ་དགུ་རྙེད་ཡོད་པ་དང་། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། གར་སོང་མ་རྙེད་པའི་མི་སྣའི་སྔོག་བཤེར་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།