སོ་མཱ་ལིའི་རྒྱལ་སའི་ཉེ་འདབས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར། 
2019.07.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

སོ་མཱ་ལིའི་ཉེན་རྟོག་མི་སྣས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲའི་ཉེ་འདབས་ས་ཁུལ་ནས་ཉིན་དེར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག་ཟེར། 

སོ་མཱ་ལིའི་ཉེན་རྟོག་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། སྤྱི་སྤྱོད་རླངས་འཁོར་ཞིག་ཉིན་དེར་མའོ་ཅཱ་ཏིས་ཧྲ་ཉེ་འདབས་ཀྱི་གཞུང་ལམ་ཞིག་གི་སྟེང་བགྲོད་སྐབས་འགས་གཏོར་འཇབ་རྒོལ་ཐེབས། འགས་གཏོར་ལས་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གསུམ་ལ་རྨས་ཕོག་ཟེར། 

ཉེན་རྟོག་དཔོན་པོ་དེས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ནི་སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཟོས་པ་ཡིན་ཡང་སྲིད་ཟེར། 

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།