​ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལས་ཕཱ་ལེ་སི་ཐན་གྱི་མི་བརྒྱ་དང་ཉེར་གཉིས་ལ་རྨས་ཕོག
2019.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་དང་དབྱི་སི་རལ་གྱི་དམག་མིའི་བར་ཉིན་དེར་འཁྲུག་རྩོད་བྱུང་ནས། ཕཱ་ལེ་སི་ཐན་གྱི་མི་བརྒྱ་དང་ཉེར་གཉིས་ལ་རྨས་ཕོག་ཡོད་ཟེར། 

ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་གསལ་སྒྲོག་སྤེལ་ཏེ། ཉིན་དེར་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས། བསྡོམས་པས་ཕཱ་ལེ་སི་ཐན་གྱི་མི་བརྒྱ་དང་ཉེར་གཉིས་ལ་རྨས་ཕོག་པ་དང་། དེའི་ནང་ཡུལ་དངོས་སུ་རྨས་མ་སྐྱོབ་བཞིན་པའི་སྨན་བཅོས་མི་སྣ་གསུམ་འདུས་ཟེར། 

ཉིན་དེར་ཕཱ་ལེ་སི་ཐན་གྱི་མང་ཚོགས་བརྒྱ་ཕྲག་འགའ་ཡིས་ཅཱ་ཧྲ་ས་ཁུལ་གྱི་ཤར་ཕྱོགས་ནས་དབྱི་སི་རལ་དང་འབྲེལ་བའི་ས་ཁུལ་ནས་ངོ་རྒོལ་བྱ་འགུལ་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་བར་འཁྲུག་རྩོད་བྱུང་། དབྱི་སི་རལ་གྱིས་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་མང་ཚོགས་ཀྱིས་དབྱི་སི་རལ་གྱི་དམག་དཔུང་ལ་ལག་འབོམ་སོགས་འཕངས་ཀྱང་། དབྱི་སི་རལ་གྱི་དམག་མིར་ཤི་རྨས་བཟོས་མེད་ཟེར།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།