​དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་ལ་དམག་དོན་ཆམ་ཕབ་བཏང་ནས་ས་ཁུལ་གྱི་འཐབ་འཁྲུག་འབྱུང་སྲིད་པའི་ཚུལ་བསྟན།
2019.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 56

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། གལ་ཏེ་ཨ་མེ་རི་ཁ་དང་སོ་ཏི་ཨ་རབ་ཀྱིས་དབྱི་ལིང་ལ་དམག་དོན་ཆམ་ཕབ་བཏང་ན། ས་ཁུལ་ཧྲིལ་བོར་འཐབ་འཁྲུག་འབྱུང་སྲིད་ཟེར། 

ཀྲ་ལི་ཧྥུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་ཚིགས་ཀྱི་བཅར་འདྲི་དང་ལེན་བྱས། གལ་ཏེ་ཨ་མེ་རི་ཁ་དང་སོ་ཏི་ཨ་རབ་ཀྱིས་དབྱི་ལིང་ལ་དམག་དོན་ཆམ་ཕབ་བཏང་ནས་མཇུག་འབྲས་ག་འདྲ་འབྱུང་སྲིད་པ་འདྲི་བའི་སྐབས་སུ་ཁོས་ས་ཁུལ་ཧྲིལ་བོའི་འཐབ་འཁྲུག་འབྱུང་སྲིད་པ་གསལ་བོར་བསྟན། 

ཀྲ་ལི་ཧྥུའུ་ཡིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་མངའ་ཁོངས་ལ་སྲུང་སྐྱོབ་བྱེད་པའི་གནད་དོན་ཐད་ནས་དབྱི་ལིང་གིས་ཐེ་ཚོམ་ཅི་ཡང་བྱེད་མི་སྲིད་ཟེར། 

ཀྲ་ལི་ཧྥུའུ་ཡིས་ད་རུང་བསྟན་དོན། དབྱི་ལིང་གིས་དམག་དོན་འཁྲུག་རྩོད་བྱེད་འདོད་མེད་པ་དང་། དབྱི་ལིང་གིས་ཇུས་འགོད་བྱས་ཏེ་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྡོ་སྣུམ་ཀུང་ཟིའི་རྡོ་སྣུམ་སྒྲིག་ཆས་ལ་འཇབ་རྒོལ་བྱས་པར་སྐྱོན་འཛུགས་བྱས་པ་ནི་རྫུན་གཏམ་ཁོ་ན་རེད་ཟེར།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།