ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡི་པུའུ་ཀྲང་ཚབ་མ་གསར་བའི་འདེམ་སྒུག་མི་སྣ་ཁྱབ་སྒྲོག་བྱས།
2019.11.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡི་དཔོན་པོ་བོ་ཨར་ཏི་ཡིས་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡི་པུའུ་ཀྲང་ཚབ་མ་གསར་བའི་འགན་ཁུར་རྒྱུ་རེད་ཟེར། 

ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཆེན་མོ་ཅི་ཏི་ལེ་ཡིས་ཉིན་དེའི་དགོང་མོར་གསར་འགྱུར་སྨྱན་བྱད་ཀྱི་གསར་འགོད་པར་བསྟན་དོན། ད་ལྟའི་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡི་པུའུ་ཀྲང་ཚབ་མ་མེད་ཁཱ་ལེ་ནན་གྱིས་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་ལས་གནས་དང་འབྲལ་རྒྱུ་ཡིན་པ་དང་། བོ་ཨར་ཧྥུའུ་ཡིས་དེའི་ཚབ་ཏུ་འགན་ཁུར་རྒྱུ་རེད་ཟེར། 

བོ་ཨར་ཧྥུའུ་ནི་སྔོན་ཆད་ཀྱི་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡི་པུའུ་ཀྲང་ནེ་ཨར་སིན་གྱི་མཐོ་རིམ་ལས་རོགས་པ་ཡིན་ལ། ད་ལོའི་ཟླ་གཉིས་པར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡི་འཐབ་ཇུས་དང་སྲིད་ཇུས། འཆར་འགོད་བཅས་ཀྱི་ལས་འགན་ཁུར་བའི་པུའུ་ཀྲང་གཞོན་པར་མིང་བཏོན་པ་རེད། 

རྒྱལ་ཚོགས་གྲོས་ཞུགས་ཁང་གི་ཁས་ལེན་ཐོབ་ནས་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡི་པུའུ་ཀྲང་དུ་མ་གྱུར་གོང་། བོ་ཨར་ཧྥུའུ་ཡིས་པུའུ་ཀྲང་ཚབ་མའི་འགན་ཁུར་དགོས་པ་རེད། 

མེད་ཁཱ་ལེ་ནན་གྱིས་ད་ལོའི་ཟླ་བཞི་བར་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡི་པུའུ་ཀྲང་ཚབ་མའི་འགན་ཁུར་བ་དང་། ཟླ་བཅུ་བར་ཐི་ལིང་ཕུའུ་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་ཕུལ་བ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།