​མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་སྐུལ་འདེད་བཏང་བར་གདེང་འཇོག་ཆེན་པོ་བྱས།
2019.11.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་ཨན་ནོའུ་ཧྲིན་གྱིས་ཉེ་སྔོན་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་བསྟན་དོན། འཛམ་གླིང་ལ་སྔར་ལས་རྒྱ་ཆེ་བའི་ཕྱོགས་མང་རིང་ལུགས་མཁོ་བ་དང་། ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཟེར། 

ཨན་ནོའུ་ཧྲིན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། འཛམ་གླིང་ལ་ཕྱོགས་མང་རིང་ལུགས་མཁོ་བ་དང་། ཁྱད་པར་དུ་ད་ལྟ་ང་ཚོའི་མདུན་དུ་ལྷགས་པའི་ཁོར་ཡུག་གནད་དོན་ཐད་ལ་ཕྱོགས་མང་རིང་ལུགས་ལྷག་ཏུ་མཁོ། དེ་ནི་རྒྱལ་ཁབ་དང་ས་ཁོངས་རེ་འགའ་ཙམ་མ་ཡིན་པར་དེའི་ཁྱབ་ཁོངས་དང་གཞི་རྒྱ་འཚམ་གླིང་ཡོངས་ལ་ཁྱབ་ཡོད་པ་དང་། ཕན་ནུས་ལྡན་པའི་ཐག་གཅོད་བྱེད་ཐབས་དེ་ལའང་འཛམ་གླིང་ཡོངས་ཀྱི་རང་བཞིན་ལྡན་པ་རེད་ཟེར།

ཨན་ནོའུ་ཧྲིན་གྱིས་ནན་གྱིས་བསྟན་དོན། ད་ལྟ་ཁོར་ཡུག་གི་གྲོས་གཞི་དེ་སྔོན་ཆད་ཀྱི་དུས་གང་ལས་ཀྱང་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད་ཟེར། 

ཨན་ནོའུ་ཧྲིན་གྱིས་བསྟན་དོན། ཀྲུང་གོ་ཡིས་ཕྱོགས་མང་རིང་ལུགས་ཐད་ནུས་པ་གལ་ཆེན་བཏོན་པར་དགའ་སྤྲོ་སྐྱེས་ཡོད་ཟེར། ཀྲུང་གོ་ནི་ནམ་ཟླའི་འགྱུར་ལྡོག་གི་ཉམས་ཉེན་ཐག་གཅོད་བྱེད་པའི་རྒྱལ་སྤྱིའི་གྲོགས་པོ་གལ་ཆེན་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོས་འཛམ་གླིང་ཡོངས་ལ་ཐན་ཉུང་གི་མ་འོངས་པ་མངོན་འགྱུར་བྱེད་པའི་བྱེ་བྲག་གི་ཐབས་ལམ་བསྟན་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།