​ཨུ་རུ་སིའི་ཁི་མུས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒེར་གྱི་སྡོད་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།
2019.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཨུ་རུ་སིའི་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་བྱང་ཕྱོགས་ཀྱི་ཁི་མུས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒེར་གྱི་སྡོད་ཁང་ཞིག་ལ་ཉིན་དེར་མེ་སྐྱོན་བྱུང་སྟེ། མི་བཞི་རྐྱེན་ལམ་དུ་ཤོར་ཟེར། 

བསྒྲགས་པ་ལྟར་ན། ཚེས་བརྒྱད་ཉིན་གྱི་ཞོགས་པར། ཁི་མུས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཱ་ཏི་མཱ་ཏི་གྲོང་རྡལ་གྱི་སྒེར་གྱི་སྡོད་ཁང་ཞིག་ལ་མེ་སྐྱོན་བྱུང་། རྒུད་སྐྱོབ་མི་སྣས་དུས་ཚོད་གཉིས་ཀྱི་རྗེས་སུ་མེ་བསད་པ་དང་། ཁང་བོའི་ཞིག་རོའི་ཁྲོད་ནས་བེམ་པོ་བཞི་རྙེད་ཡོད་ཟེར། 

བསྒྲགས་པ་ལྟར་ན། ས་དེའི་རྟོག་ཞིབ་སྡེ་ཁག་གིས་མེ་སྐྱོན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།