དབྱི་རག་བདེ་འཇགས་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གཅིག་བསད། 
2019.11.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

དབྱི་སི་ལན་ས་གནས་སྲིད་གཞུང་གི་དཔོན་རིགས་དང་དམག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་རག་བདེ་འཇགས་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་དྲག་ཆས་ཉེས་ཅན་བཅུ་གཅིག་བསད་ཟེར། 

ཏིས་ཡཱ་ལཱ་ཞིང་ཆེན་གྱི་ཧྲིན་ཀྲང་ཐཱ་མུས་མུས་ཀྱིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་བདེ་འཇགས་དམག་དཔུང་གིས་ཉིན་དེར་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་པཱ་ཀུའུ་པེད་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་བརྒྱད་ཅུ་ཡོད་པའི་གནས་སུ་ཡུལ་དེར་སྦས་སྐོང་བྱེད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལ་ས་ངོས་དང་བར་སྣང་ནས་ཆམ་ཕབ་བཏང་ནས། དྲག་ཆས་ཉེས་ཅན་བདུན་བསད་ཟེར། གསལ་སྒྲོག་ལས་དབྱི་རག་བདེ་འཇགས་དམག་དཔུང་གི་ཤི་རྨས་གནས་ཚུལ་གསལ་བོར་བསྒྲགས་མེད། 

གཞན་ཡང་དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་རག་བདེ་འཇགས་དམག་དཔུང་གིས་ཉིན་དེར་ཏིས་ཡཱ་ལཱ་ཞིང་ཆེན་བྱང་ཕྱོགས་ཀྱི་ཧཱ་མུའུ་ལིན་རི་ཁུལ་དུ་གཙང་ཕྱགས་འགུལ་སྐྱོད་སྤེལ་ནས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་ས་གསུམ་གཏོར་བ་དང་། དྲག་ཆས་ཉེས་ཅན་བཞི་བསད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།