སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར། 
2019.11.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་དུ་ཚེས་བཅུ་དྲུག་ཉིན་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད་ཟེར། 

བསྒྲགས་པ་ལྟར་ན། འགད་རྫས་དྲུད་པའི་རླངས་འཁོར་ཞིག་ཨ་ལེ་ཕའོ་ཞིང་ཆེན་གྱི་པཱ་པུའུ་གྲོང་ཁྱེར་གྱི་རླངས་འཁོར་འཇོག་ས་ཞིག་ནས་འགས་གཏོར་བྱུང་སྟེ། མི་སེར་དཀྱུས་མ་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད། འགས་གཏོར་བྱུང་སའི་ཉེ་འདབས་ཀྱི་སྡོད་ཁང་དང་སྒྲིག་ཆས་ལ་གཏོར་བརླག་ཐེབས་ཡོད་ཟེར། 

གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇིའི་ལོན་ཏོན་དུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་ཚན་ཆུང་གིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣ་མང་བོ་འགས་གཏོར་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སོ་གསུམ་ལ་རྨས་ཕོག་ཡོད་ལ། རྨས་མ་རེ་འགའི་རྨས་སྐྱོན་ཚབས་ཆེན་རེད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།