ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པ་བདུན་བསད། 
2019.11.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཡེ་མིན་སྲིད་གཞུང་དམག་དཔུང་གི་དཔོན་རིགས་ཀྱིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཉིན་དེར་ཡེ་མིན་གྱི་མཚོ་དམར་འགྲམ་བརྒྱུད་ཀྱི་གྲོང་ཁྱེར་ཧི་ཐེ་ཏཱ་ནས་འཁྲུག་རྩོད་བྱས་ཏེ། ཧུའུ་སེ་དྲག་ཆས་པ་བདུན་བསད་ཟེར། 

ཡེ་མིན་སྲིད་གཞུང་དམག་དཔུང་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཉིན་དེར་ཧི་ཐེ་ཏཱའི་ལྷོ་ཕྱོགས་ཀྱི་ཐུའུ་ཧེ་ཐེ་ས་ཁུལ་དུ་ཡོད་པའི་སྲིད་གཞུང་དམག་དཔུང་གི་བཅའ་སྡོད་ས་ཁུལ་དུ་དཔུང་འཇུག་བྱས། ཕྱོགས་གཉིས་ཀྱིས་དུས་ཡུན་ཐུང་ངུའི་ནང་འཁྲུག་རྩོད་བྱས་པ་དང་། སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པ་མཐར་སྐྲོད་བཏང་བར་མ་ཟད་དྲག་ཆས་མི་སྣ་བདུན་བསད་ཟེར། 

དཔོན་རིགས་དེས་ཡེ་མིན་སྲིད་གཞུང་དམག་དཔུང་གི་ཤི་རྨས་གནས་ཚུལ་གསལ་བོར་བསྒྲགས་མེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།