​བྷང་ག་ལཱ་ནས་རང་བྱུང་སོལ་རླངས་འགས་གཏོར་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར།
2019.11.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

བྷང་ག་ལཱའི་ཅི་ཏཱ་ཀང་གྲོང་ཁྱེར་གྱི་བརྩེགས་རིམ་ལྔ་ཅན་གྱི་ཐོག་ཁང་ཞིག་ཏུ་ཚེས་བཅུ་བདུན་ཉིན་རང་བྱུང་སོལ་རླངས་ཕྱིར་ཤོར་ནས་འགས་གཏོར་བྱུང་བ་དང་། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་བཅོ་ལྔར་རྨས་ཕོག

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ལས་ཐོག་ཁང་གི་རྩིག་ངོས་སྐོར་ཞིག་ལ་རྡིབས་སྐྱོན་བྱུང་ཡོད་པ་དང་། རྨས་མ་བདུན་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།